དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ད་རེས་ཀྱི་ཚོགས་ཆེན་ལ་འཐུས་མི་ག་ཚོད་ཡོད་པ་ཤེས་སམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-11-28

    ཟླ་11པའི་ཚེས་27ཉིན་གྱི་ཕྱི་དྲོར། གསར་འགོད་པར་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར། འདེམས་བསྐོའི་ཚན་པ་ཁག་ནས་འཐུས་མི་594བདམས་ཐོན་བྱུང་ཡོད་པ་རེད།

    ཐེངས་འདིའི་འཐུས་མིའི་གྲུབ་ཆ་མུ་མཐུད་ལེགས་སུ་ཕྱིན་ཡོད་ཅིང་། ཚོགས་པ་མང་པོའི་བསྡུར་ཚད་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་ཡོད་དེ། ཆེད་ལས་ལག་རྩལ་མི་སྣ་དང་། ཞིང་འབྲོག་པ། བཟོ་པ། ལས་ཞུགས་ཚོགས་པ་གསར་པ་སོགས་འཐབ་ས་དང་པོའི་ཁྱབ་ཁོངས་ཀྱི་འཐུས་མིའི་བསྡུར་ཚད་ཅུང་ཟད་མཐོ་རུ་ཕྱིན་ཡོད། དེའི་ནང་བུད་མེད་འཐུས་མིའི་འཕར་ཚད་མངོན་གསལ་དོད་ཤོས་ཡིན་ཞིང་། བསྡུར་ཚད་36.36%ཟིན་ཡོད།

    ཏང་གི་འཐུས་མི་ཚོགས་ཆེན་ནི་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བྱེད་པའི་ཚོགས་འདུ་གལ་ཆེན་ཞིག་རེད། འཐུས་མིའི་གྲུབ་ཆར་འགྱུར་ལྡོག་ཕྲན་བུ་བྱུང་བ་འདི་ལས་འཐུས་མིའི་ཁྱབ་རྒྱ་དང་འཐུས་ཚབ་རང་བཞིན་སྔར་བས་ཆེ་རུ་ཕྱིན་ནས། གཞི་རིམ་གྱི་འཐབ་ས་དང་པོ་དང་ལས་རིགས་ཁག་གི་བསམ་འདུན་སྔར་ལས་མང་བ་ཚོགས་ཆེན་ལ་བརྒྱུད་སྤྲོད་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།