ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་མངལ་སྐེའི་འབྲས་སྐྲན་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་པེ་ཅིང་དུ་སློབ་འགོ་ཚུགས་པ།

“ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་མངལ་སྐེའི་འབྲས་སྐྲན་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ”ཟླ་11ཚེས་17ནས་26ཉིན་བར་པེ་ཅིང་དང་ཧྲེན་ཀྲེན་དུ་གཉེར་རྒྱུ་ཡིན་པ་དང་། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་དེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ནུས་པ་འཛུགས་སྐྱོང་དང་རྒྱུན་མཐུད་སློབ་གསོའི་ལྟེ་གནས(རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་གི་སློབ་གྲྭ)ཀྱིས་གཙོ་གཉེར་བྱས་པ་དང་། རྒྱལ་ཁབ་འབྲས་སྐྲན་ལྟེ་གནས་དང་ཀྲུང་གོའི་གསོ་རིག་ཚན་རིག་ཁང་སྐྲན་ནད་སྨན་ཁང་དང་། པེ་ཅིང་ཞེ་ཧོ་གསོ་རིག་སློབ་གླིང་གི་མི་ཚོགས་གསོ་རིག་དང་དེ་བཞིན་སྤྱི་པའི་འཕྲོད་བསྟེན་སློབ་གླིང་། ཐེན་ཅིན་གསོ་རིག་ཚན་རིག་སློབ་ཆེན་སྐྲན་ནད་སྨན་ཁང་བཅས་ཀྱིས་གཉེར་འགན་འཁུར་བ། ཧྲེན་ཀྲེན་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་དང་ཧྲེན་ཀྲེན་གྲོང་ཁྱེར་ལོ་ཚད་ལོན་པའི་བུད་མེད་མངལ་སྐེའི་འབྲས་སྐྲན་དབྱེ་བཤེར་རྣམ་གྲངས་ཚོགས་ཆུང་གིས་གཉེར་རོགས་བྱས་པ་ཞིག་རེད།
འདི་ནི“ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་མངལ་སྐེའི་འབྲས་སྐྲན་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ”པེ་ཅིང་དུ་སློབ་འགོ་ཚུགས་པ།
འབྲེལ་ཡོད་གསར་འགྱུར།