དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཨུའི་སྨྱན་སྦྱོར་གླེང་སྟེགས་སྐབས་བདུན་པ་མོ་སི་ཁོར་འཚོགས་པ།

    ཚོགས་ཞུགས་སྐུ་མགྲོན་ཚོས་གྲངས་རིག་དུས་རབས་ཀྱི་སྨྱན་སྦྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་ཐུབ་པའི་རེ་སྒུག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-28

    ཚེས་25ཉིན། ཀྲུང་ཨུའི་སྨྱན་སྦྱོར་གླེང་སྟེགས་སྐབས་བདུན་པ་མོ་སི་ཁོ་རུ་འཚོགས་ཤིང་། ཚོགས་ཞུགས་སྐུ་མགྲོན་ཚོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག ཀྲུང་ཨུའི་སྨྱན་སྦྱོར་མཉམ་ལས་ཟམ་མི་ཆད་པར་རྒྱ་ཆེར་འགྲོ་བའི་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་བྱེད་དགོས་ན། སྐབས་འདིའི་གླེང་སྟེགས་གོ་སྐབས་སུ་བྱས་ཏེ་གྲངས་རིག་དུས་རབས་ཀྱི་ཀྲུང་ཨུའི་སྨྱན་སྦྱོར་མཉམ་ལས་ཀྱི་རྣམ་པ་གསར་པ་ཐུན་མོང་ཐོག་གཏོད་དགོས་ཞེས་བརྗོད།

    ཚོགས་ཞུགས་སྐུ་མགྲོན་ཚོས་ད་ལོ་ཤར་ཚུན་དུ་ཀྲུང་ཨུའི་གཙོ་བདག་དབར་ཞལ་འཛོམས་ཐེངས་མང་གནང་ཞིང་། དེའི་རིང་མི་ཆོས་རིག་གནས་སྤེལ་རེས་རྒྱ་ཆེར་གཏོང་རྒྱུའི་སྐོར་ལ་ཐུན་མོང་གི་ངོས་འཛིན་བྱུང་བ་དང་། སྨྱན་སྦྱོར་མཉམ་ལས་ཀྱི་གྲོས་མཐུན་མང་པོར་མིང་རྟགས་བཀོད་པར་ཐུན་མོང་ཐོག་དཔང་པོ་གནང་ཡོད། ཞལ་འཛོམས་ཀྱི་གྲུབ་འབྲས་ནང་ཀྲུང་ཨུའི་སྨྱན་སྦྱོར་གྱི་གླེང་སྟེགས་ཐུན་མོང་ཐོག་ཡག་པོ་གཉེར་བ་དང་། གཙོ་རྒྱུན་སྨྱན་སྦྱོར་ཕན་ཚུན་འཚམས་འདྲིར་བསྐྱོད་པར་སྐུལ་འདེད་གཏོང་བ། ཤེས་ལྡན་པ་མཉམ་དུ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་གསལ་པོར་བསྟན་ནས། ཀྲུང་ཨུའི་སྨྱན་སྦྱོར་གྱི་མཉམ་ལས་ཟབ་ཏུ་གཏོང་བར་ཁྲིད་སྟོན་གལ་ཆེན་བྱས་ཡོད་ཅེས་བསྟན་པ་རེད།

    ཚོགས་ཞུགས་སྐུ་མགྲོན་ཚོས་མིག་སྔར་གྲངས་རིག་ལག་རྩལ་གྱིས་ནང་དོན་ཐོན་སྐྱེད་དང་བརྒྱུད་སྤེལ་བྱེད་རྣམ་བསྐྱར་དུ་གཏོད་བཞིན་ཡོད། དེས་ན་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་འཚོལ་ཞིབ་དང་ལག་ལེན་ཟུང་དུ་འབྲེལ་ནས་ནང་དོན་མཉམ་གཏོད་དང་། ལག་རྩལ་རོགས་ལས། ཤེས་ལྡན་པ་གསོ་སྐྱོང་སོགས་ལ་མཉམ་ལས་གཏིང་ཟབ་བྱས་ཏེ། ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དང་ཨུ་རུ་སུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ཕན་ཚུན་སྦྲེལ་མཐུད་ལ་དམིགས་ནས་རྒྱལ་ཁབ་གཉིས་པོའི་དེང་རབས་ཅན་འཛུགས་སྐྲུན་གྱི་གཏམ་རྒྱུད་གསར་པ་གསོན་ཉམས་དོད་པོས་བརྗོད་དགོས་པ་དང་། མི་ཐབས་རིག་ནུས་ཀྱི་ལག་རྩལ་རླབས་རྒྱུན་ལས་བྱུང་བའི་གོ་སྐབས་དང་འགྲན་སློང་གི་མདུན་དུ་ཀྲུང་ཨུའི་སྨྱན་སྦྱོར་གྱིས་གྲངས་རིག་ལ་བརྟེན་ནས་མཐུན་རྐྱེན་སྦྱར་ཏེ། བརྒྱུད་སྤེལ་བྱེད་ནུས་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་བཏང་ནས་འདྲ་མཉམ་དང་བསྟུན་མཁས་ངང་ཤེས་དཔལ་དཔྱད་གཞིར་འཛིན་རེས་ལ་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།

    གླེང་སྟེགས་དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཨུ་རུ་སུའི་ཙུང་ཐུང་གཞུང་དོན་ཐིང་གིས་གཙོ་གཉེར་བྱས་པ་དང་། ཤིན་ཧྭ་གསར་འགྱུར་ཁང་དང་ཐ་སི་གསར་འགྱུར་ཁང་གིས་གཉེར་འགན་འཁུར་བ་ཞིག་རེད། རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་སྡེ་ཚན་དང་སྨྱན་སྦྱོར་སྒྲིག་གཞིའི་འགན་འཁུར་བ་250ཙམ་ཚོགས་འདུར་ཞུགས་ནས་ཀྲུང་ཨུའི་སྨྱན་སྦྱོར་རོགས་ལས་གཏིང་ཟབ་ཏུ་གཏོང་བའི་མཉམ་ལས་ཡིག་ཆ་14ལ་མིང་རྟགས་བཀོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།