རླངས་འཁོར་གྱི་KDལྷུ་ལག་བླུགས་པའི་ཨེ་ཤེ་ཡ་དབུས་མའི་དུས་གཏན་མེ་འཁོར་ཐོག་མ་ཅང་ཤིས་ནས་གཏོང་འགོ་ཚུགས་པ།

ཟླ་11ཚེས་16ཉིན་གྱི་སྔ་དྲོར། “ནན་ཁྲང་ཅང་ལིན”ཨེ་ཤེ་ཡ་དབུས་མའི་དུས་གཏན་མེ་འཁོར་ནན་ཁྲང་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ནས་ཐོན་ཞིང་། དེའི་ནང་ཅང་ལིན་རླངས་འཁོར་གྱི་KDལྷུ་ལག་ཆ་ཚང་94བླུགས་པའི་དོས་སྒམ་ཁྱོན་55ཡོད་པ་རེད། དེ་ནི་ཅང་ཤིས་ཞིང་ཆེན་ནས་ཨེ་ཤེ་ཡ་དབུས་མར་བཏང་བའི་རླངས་འཁོར་གྱི་KDལྷུ་ལག་བླུགས་པའི་དུས་གཏན་མེ་འཁོར་ཐོག་མ་དེ་ཡིན་པ་དང་། དེ་ཧོར་ཀུའོ་སི་ནས་རྒྱལ་མཚམས་བསྒྲལ་ཏེ་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་མང་པོར་བསྐྱོད་རྒྱུ་རེད།
འདི་ནི་ཟླ་11ཚེས་16ཉིན“ནན་ཁྲང་ཅང་ལིན”ཨེ་ཤེ་ཡ་དབུས་མའི་དུས་གཏན་མེ་འཁོར་ཐོན་གྲབས་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།