དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཨའི་རྩོམ་རིག་གླེང་མོལ་གྱི་རིམ་སྤེལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-28

    ཀྲུང་གོའི་དཔེ་དེབ་ཕྱིར་གཏོང་ནང་འདྲེན(ཚོགས་པ)ཚད་ཡོད་ཀུང་སི་དང་པེ་ཅིང་དགེ་འོས་སློབ་ཆེན་གྱིས་མཉམ་དུ་གཙོ་གཉེར་བྱས་པའི་ཀྲུང་ཨའི་རྩོམ་རིག་གླེང་མོལ་གྱི་རིམ་སྤེལ་བྱེད་སྒོ་ཉེ་ཆར་ཨ་རིའི་མའེ་ཨ་སྨིར་སྤེལ་བ་རེད། བྱེད་སྒོ་དེས“རྩོམ་རིག་སྤེལ་རེས་ཀྱི་རྒྱུན་འཛིན་དང་གསར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཀྲུང་ཨའི་རྩོམ་པ་པོ་དང་། མཁས་དབང་། ལོ་ཙཱ་བ་བཅས་གཅིག་ཏུ་བསྡུས་ནས་བགྲོ་གླེང་བྱས་པར་ས་གནས་དེ་གའི་ཀློག་པ་པོ་དང་མཐོ་སློབ་ཀྱི་དགེ་སློབ་སོགས་མི་300ལྷག་ཙམ་གྱི་ཡིད་དབང་བཀུག་པ་རེད།

    ད་ཐེངས་ཀྱི་ཀྲུང་ཨའི་རྩོམ་རིག་གླེང་མོལ་གྱི་རིམ་སྤེལ་བྱེད་སྒོ་དེ་དཔེ་དེབ་འོས་སྦྱོར་དང་རྩོམ་གྲོགས་བསྒྲིགས་ནས་ཀྲུང་ཨའི་རྩོམ་རིག་ལས་རིགས་ཀྱི་ཆེད་ལས་ཅན་དང་རྒྱུན་རྣམ་ཅན་གྱི་སྤེལ་རེས་ཀྱི་ལས་སྟེགས་བཏོད་པ་དང་རྒྱལ་ཁབ་གཉིས་པོའི་རྩོམ་པ་པོ་དང་། མཁས་དབང་། ལོ་ཙཱ་བ་བཅས་ལ་སྤེལ་རེས་ཀྱི་གོ་སྐབས་བཏོད་དེ་ཀྲུང་ཨའི་མི་ཆོས་རིག་གནས་ཕན་ཚུན་ཤེས་རྟོགས་ཐུབ་པར་སྐུལ་འདེད་དང་ཤེས་དཔལ་མི་འདྲ་བ་ཕན་ཚུན་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།