དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རིག་གནས་ཀྱི་རྩ་བ་འཛིན་སྐྱོང་བྱེད། བག་ཕེབས་ཀྱི་འཚོ་བར་མཉམ་དུ་རོལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཧོ་ཡུང་། ལི་ཡ་ནན། ཚུའེ་ཡན། དབྱི་ཧྲུའུ་རན།   |     སྤེལ་དུས།  2026-11-28

    ཐེན་ཧྲན་རི་བོའི་ལྷོ་བྱང་དུ་བདེ་སྐྱིད་ལྡན་པའི་འཚོ་བར་མཉམ་དུ་རོལ།

    དབྱི་ལི་དམག་དཔོན་གཟིམ་ཤག་གི་སོ་ཕག་སྔོ་ནག་ནས་ཨ་ཁེ་སུའུ་ཉམས་ལེན་ཁང་གི་གྲངས་འཛིན་བརྙན་པར་བར་དང་། ཧར་ཏུན་སྡེ་ཁུལ་གྱི་ཁྱིམ་ཚང་མང་པོའི་གསོལ་སྟོན་ནས་ཀུའུ་ཡོན་སྲང་ལམ་སྡེ་ཁུལ་གྱི་ཁྱིམ་མཚེས་དུས་ཆེན་བར། ཧྲ་ལེ་ཁེ་ཅང·དབྱི་མིང་སྒོ་ར་ཆུང་ངུའི་ནང་གི་རྒྱལ་དར་སྒྲེང་བའི་མཛད་སྒོ་ནས་ལུའེ་ཕེ་ཀུའེ་དང་ཡ་སེན·ཐུའུ་སུན་གྱི་ལོ་20ལྷག་ཙམ་གྱི་སྤུན་ཟླའི་མཛའ་བརྩེ་བར། ཤིན་ཅང་གི་ས་གནས་ཁག་གིས“མཐོང་རྒྱུ་ཡོད་པའི”གཞི་རྟེན་སྤྱོད་པ་དང་། “ཚོར་རྒྱུ་ཡོད་པའི”འབྲེལ་ཐག་གིས་སྦྲེལ་བ། “ཕན་ནུས་ཡོད་པའི”དམ་འཛིན་བྱ་གཞིས་ཁྲིད་སྟོན་དུ་བྱེད་པ་མཐའ་འཁྱོངས་བྱས་ནས། ཀྲུང་ཧྭའི་རིག་གནས་མཐོང་རེག་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཚོར་ཐུབ་པ། མིག་དཔེའི་སྟོབས་ཤུགས་སློབ་སྦྱོང་ཐུབ་པ་བཅས་བྱས་ཏེ། མཐོང་ཚོར་་ཁྲོད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད་པ་རེད།

    “མཐོང་རྒྱུ་ཡོད་པའི”གསར་བརྗེའི་ཐོན་ཁུངས་གཞི་རྟེན་དུ་བྱས་ནས་ལོ་རྒྱུས་ཀྱི་རིག་རྒྱུན་མཐོང་ཚོར་ཐུབ་པར་བྱས་པ།

    རིག་གནས་ཤུལ་བཞག་ཁྲོད་ནས་ལོ་རྒྱུས་ཀྱི་རིག་རྒྱུན་འཚོལ་ཞིབ་ཐུབ་ཅིང་། “སྒོ་ར་གཅིག་ལ་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པ་དང་། གཟིམ་ཤག་གཅིག་གིས་ཤིན་ཅང་ནུབ་རྒྱུད་བརྟན་ལྷིང་ཡོང་བར་བྱས་ཡོད། མིག་མདུན་གྱི་བར་ཁྱམས་དང་ཀ་བ་རེ་རེ་དང་། སོ་ཕག་དང་རྫ་གཡམ་རེ་རེ་ནི་ཤིན་ཅང་འདི་ཉིད་གནའ་སྔ་མོ་ནས་བཟུང་མེས་རྒྱལ་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ཆེས་ཐད་ཀར་དང་ཆེས་རྩ་ཆེའི་ལོ་རྒྱུས་ཀྱི་དཔང་པོ་ཞིག་རེད”ཅེས་ཤིན་ཅང་དབྱི་ལི་ཧོ་ཁྲེང་རྫོང་དུ་གནས་པའི་དབྱི་ལི་དམག་དཔོན་གཟིམ་ཤག་ཏུ་སྐྱོད་སྐབས་འཆད་འགྲེལ་པ་ཀུའུ་ལི་ཀེ་ན·ཨའེ་རེ་ཁེ་ཉི་ཡིས་ཞིབ་སྦྱོང་ལ་ཡོང་མཁན་གཞོན་ནུ་ལོ་ཆུང་ལ་འགྲེལ་བཤད་རྒྱག་བཞིན་ཡོད།

    1996ལོར་དབྱི་ལི་དམག་དཔོན་གཟིམ་ཤག་དེ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་གྲས་སུ་ཚུད་པ་དང་། 2006ལོར་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་དངོས་སུ་སྒོ་ཕྱེ་ནས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་བ་ཟབ་ཏུ་གཏོང་བའི་འཐབ་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། “དབྱི་ལི་དམག་དཔོན་གཟིམ་ཤག་ནི་གཞོན་ནུ་ལོ་ཆུང་ཚོས་ལོ་རྒྱུས་ཀྱི་རིག་རྒྱུན་རྒྱུན་འཛིན་ལ་རྒྱུས་མངའ་ལོན་པའི་ཆེས་ཐད་ཀའི་དངོས་དཔང་ཞིག་ཡིན་ལ། ལྟ་སྐོར་དང་ཞིབ་སྦྱོང་བརྒྱུད། གཞོན་ནུ་ལོ་ཆུང་ཚོས་ལོ་རྒྱུས་ལ་སྔར་བས་རྒྱུས་ལོན་བྱས་ནས་ཁོང་ཚོར་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་འཛུགས་ས་ཞིག་རེད”ཅེས་ཧོ་ཁྲེང་རྫོང་རིག་གནས་ལུས་རྩལ་རླུང་འཕྲིན་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་རིག་གནས་འགྲེམས་ཚོགས་ཁང་གི་ཡོན་ཀྲང་ཞ་ཡུང་ཁྲེང་གིས་ངོ་སྤྲོད་བྱས་པ་དང་། དབྱི་ལི་དམག་དཔོན་གཟིམ་ཤག་སྒོ་ཕྱེ་བ་ནས་བཟུང་གཞོན་ནུ་ལོ་ཆུང་མི་ཐེངས་ཁྲི་60ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད།

    གསར་བརྗེའི་ཐོན་ཁུངས་ཁྲོད་ནས་ཐུན་མོང་གི་བརྩེ་སེམས་མངོན་ཞིང་། “མཐོང་རྒྱུ་ཡོད་པའི”གསར་བརྗེའི་ཐོན་ཁུངས་ཀྱི་གཞི་རྟེན་ཁྲོད་དུ་ལོ་རྒྱུས་ཀྱི་རིག་རྒྱུན་མིག་མཐོང་ལག་ཟིན་བྱེད་ཐུབ། ཨ་ཁེ་སུའུ་ས་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པའི་ཉམས་ལེན་ཁང་དུ་སྐྱོད་སྐབས། མིག་ལམ་དུ་མངོན་པའི་འགྲེམས་རྫས་དང་པོ་ནི་ཀྲུང་ཧྭའི་སེམས་མཐུན་ཙུན་བུམ་དེ་ཡིན་ཞིང་། ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་སྐབས་སུ་ཀྲུང་དབྱང་སྐུ་ཚབ་ཚོགས་པས་དྲན་རྟེན་དངོས་པོ་དེ་ཤིན་ཅང་ལ་བསྩལ་ཡོད། ཀྲུང་ཧྭའི་སེམས་མཐུན་ཙུན་བུམ་དེ་བརྗིད་ཉམས་ལྡན་པའི་ངང་གནས་པ་ལས་ལྟ་སྐོར་བ་ཚོར་མི་རིགས་མཐུན་སྒྲིལ་གྱི་མྱོང་ཚོར་ཟབ་མོ་བྱུང་ཡོད་པ་རེད།

    བརྩེ་སེམས་མཚོན་པའི་བྱེད་སྒོ་དེ་འབྲེལ་ཐག་ཏུ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་མོ་ཚོར་བར་བྱས་པ།

    སྐྱིད་སྣང་དོད་པའི་རྣམ་པས་བདེ་སྐྱིད་ལྡན་པའི་འཚོ་བ་མཚོན་ཞིང་། དུས་ཆེན་གྱི་གཟབ་མཆོར་སྤྲས་པ་དང་རང་ཁྱིམ་དུ་བཟོས་པའི་ཞིམ་ཟས་ཁྱེར་ནས་ཤིན་ཅང་ཐ་ཁྲེང་གྲོང་ཁྱེར་ཤིན་ཁྲེང་ཁྲོམ་གཞུང་ཧར་ཏུན་སྡེ་ཁུལ་གྱི་གྲོང་མི་ཚོ་སླར་ཡང་ཐང་ཆེན་དུ་མཉམ་དུ་འཛོམས་ཤིང་། ཚང་མས་ཞིམ་ཟས་ཟ་ཞོར་དུ་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་གླུ་ལེན་གར་འཁྲབ་ཀྱིས་དགའ་བདེའི་དཔལ་ལ་རོལ་བཞིན་ཡོད་པ་རེད།

    “ང་ཚོའི་སྡེ་ཁུལ་འདིར་མི་རིགས་14ཡི་གྲོང་མི་འཚོ་བ་སྐྱེལ་བཞིན་ཡོད། དུས་ངེས་མེད་དུ་ཁྱིམ་ཚང་མང་པོའི་གསོལ་སྟོན་བཤམས་ནས་ཚང་མ་མཉམ་དུ་འཛོམས་ཀྱི་ཡོད་པས་བརྩེ་བ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད”ཅེས་ཞི་པོ་རིགས་ཀྱི་གྲོང་མི་ཀྲེང་ཡན་གྱིས་བརྗོད།

    མཉམ་ཟ་མཉམ་སྡོད་དང་མཉམ་དུ་རོལ་རྩེད་རྩེ་ཞིང་། རྟག་ཏུ་གཉེར་བའི་བྱེད་སྒོ་དེ་རིགས་འབྲེལ་ཐག་ཏུ་བྱས་ནས་ཉིན་ལྟར་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་སྙན་མོ་གླེང་བཞིན་ཡོད་པ་རེད།

    སྤྲོ་སྣང་ལྡན་པའི་བྱེད་སྒོ་ལས་བློ་བདེ་བག་ཕེབས་ཀྱི་འཚོ་བ་མཚོན་ཞིང་། ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ཐེན་ཧྲན་ཆུས་ཨར་ཏའོ་ཆའོ་ཁྲོམ་གཞུང་གི་ཀུའུ་ཡོན་སྲང་ལམ་སྡེ་ཁུལ་དུ་སྐྱོད་སྐབས། སྲང་ལམ་གཙང་སྦྲ་དོད་ལ་སྒོ་ར་གཙང་ཞིང་གྲལ་འགྲིག་པ་དང་། རྒན་རྒོན་རྣམས་སྒོ་རའི་ནང་ཅི་འཕྲོས་མོལ་འཕྲོས་བྱེད་ཞོར་ཉི་མ་སྲོ་བཞིན་ཡོད་པ་རེད།

    ཀུའུ་ཡོན་སྲང་ལམ་སྡེ་ཁུལ་ཡང་མི་རིགས་མང་པོ་མཉམ་དུ་སྡོད་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་ཞིང་། ལོ་ལྟར་དཔྱིད་གསར་དུས་ཆེན་དང་། ཁུར་པན་དུས་ཆེན། ཟླ་མཆོད་དུས་ཆེན་སོགས་འཆར་རིམ་བཞིན་སྡེ་ཁུལ་གྱིས་ཁྱིམ་མཚེས་དུས་ཆེན་དང་ཁྱིམ་ཚང་མང་པོའི་གསོལ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ནས། མི་རིགས་ཁག་གི་གྲོང་མི་སྤྲོ་སྣང་ལྡན་པའི་དུས་ཆེན་མཉམ་དུ་གཏོང་བར་གདན་འདྲེན་ཞུ་གི་ཡོད་པ་རེད།

    ཅའོ་ཙེ་བཟོ་བ་དང་། ལོ་སྒྲིལ་འབྲས་ཆན་བཟོ་བ། སྦར་ཟས་བཟོ་བ་སོགས་ཚང་མ་མཉམ་དུ་རུབ་ནས་ཅི་འཕྲོས་མོལ་འཕྲོས་དང་ཕན་ཚུན་རོགས་རམ་བྱེད་པ་དང་། མཉམ་དུ་ཁ་ལག་ཟ་བ་དང་མཉམ་དུ་གླུ་ལེན་གར་འཁྲབ་བྱེད་ཅིང་། “ང་རང་རྟག་པར་སྡེ་ཁུལ་གྱིས་གཉེར་བའི་བྱེད་སྒོར་ཞུགས་ཀྱི་ཡོད་པས། བྱེད་སྒོ་སྤེལ་རིང་ངས་སྡེ་ཁུལ་གྱི་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཚོར་བྱུང”ཞེས་གྲོང་མི་ཨ་པུའུ་ལེ་ཐི·ཐུར་ཞུན་གྱིས་བརྗོད།

    དཔེ་མཚོན་མི་སྣ“ནུས་ལྡན”གྱི་དམ་འཛིན་བྱ་གཞིར་བརྩིས་ནས་མིག་དཔེའི་སྟོབས་ཤུགས་ལ་སློབ་སྦྱོང་བྱས་པ།

    ཞོགས་པ་སྔ་པོར། ཐ་ཁྲེང་གྲོང་ཁྱེར་ཧར་ཏུན་སྡེ་ཁུལ་གྱི་ཞིང་པའི་སྒོ་ར་ཆུང་ངུའི་ནང་མི་མང་པོ་འཛོམས་ཤིང་། རྒྱལ་གླུའི་ཁྲོད་སྒོ་ར་ཆུང་ཆུང་དེའི་བདག་པོ་ཧྲ་ལེ་ཁེ་ཅང·དབྱི་མིང་གིས་སྐར་ལྔའི་དར་དམར་དལ་བུར་སྒྲེང་འགོ་ཚུགས། 2019ལོའི་ཟླ་10པ་ནས་ད་བར། ཧྲ་ལེ་ཁེ་ཅང་གིས་རྒྱལ་དར་སྒྲེང་བའི་བྱེད་སྒོ་ཐེངས་1418སྤེལ་བ་དང་། རྒྱལ་གཅེས་སྒྲོག་འགྲེལ་བྱས་པར་རིམ་རྩིས་བརྒྱབ་ན་ཉན་མཁན་མི་ཐེངས་ཁྲི་45ལྷག་ཙམ་ཟིན་ཡོད་པ་རེད།

    ཧྲ་ལེ་ཁེ་ཅང་གིས“ངས་རྒྱལ་དར་སྒྲེང་ཐེངས་མང་པོར་བརྟེན་ནས་ཐ་ཁྲེང་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་མི་རིགས་མཐུན་སྒྲིལ་གྱི་སེམས་པ་བརྒྱུད་སྤྲོད་བྱེད་པ་དང་དུས་མཚུངས། གཞོན་ནུ་ལོ་ཆུང་ཚོར་ཆུང་དུས་ནས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། མིག་སྔའི་ཐོབ་པར་དཀའ་བའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་ཀྱི་ཡོད”ཅེས་བརྗོད།

    ད་ཆ། ཧྲ་ལེ་ཁེ་ཅང་གི་སྒོ་ར་ཆུང་ངུའི་ནང་ཁྱིམ་ཚང་འགྲེམས་ཁང་བསྐྲུན་ཡོད་པ་དང་། དེའི་ནང་རྒན་རྒོན་མི་རབས་བཞིའི་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་། མི་རིགས་མཐུན་སྒྲིལ། དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་དངོས་པོ་ཉར་ཚགས་བྱས་ཡོད་པ་སྟེ། ལག་ཁྱེར་དང་། གཟེངས་རྟགས། གོས་དར། མཉམ་པར་སོགས་ཚུད་ཅིང་། ས་གནས་དེ་གའི་མང་ཚོགས་ཀྱིས་ལྟ་སྐོར་བྱེད་པར་སྣེ་ལེན་ཞུ་གི་ཡོད།

    མིག་དཔེའི་སྟོབས་ཤུགས་ནི“ལད་ཟློས་བྱས་པ”ཙམ་མ་ཡིན་པར་བརྩེ་སེམས་འཕེལ་བར་བྱེད་པའི་ས་བོན་ཞིག་དེ་བས་ཀྱང་ཡིན་ཞིང་། “ང་ཚོས་མཉམ་དུ་འབད་འཐབ་ཧུར་ཐག་བྱས་ནས་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པར་བྱེད་དགོས”ཞེས་པའི་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཧྲི་ཤོག་དང་པོའི་ཐོན་བཅུ་དྲུག་པའི་ལེན་ཤོག་དང་པོའི་ལས་བཟོ་ལུའེ་ཕེ་ཀུའེ་ཡི་དམ་བཅའ་དེ་ལོ་20ལྷག་ཙམ་རྒྱུན་འཁྱོངས་བྱས་པ་རེད།

    ཁོང་གི་རོགས་རམ་འོག་ཡ་སེན·ཐུའུ་སུན་གྱིས་སྡོད་ཁང་གསར་པ་བརྒྱབ་པ་དང་ཞིང་འཕྲུལ་ཉོས་པས། ལོ་ལྟར་ཡོང་འབབ་སྒོར་ཁྲི་20ཟིན་གྱི་ཡོད། ད་ཆ། ལུའེ་ཕེ་ཀུའེ་ཡིས་སྣེ་ཁྲིད་དེ་བཙུགས་པའི་ཆེད་ལས་མཉམ་ལས་ཁང་གིས་མི་རིགས་ཁག་གི་མང་ཚོགས་200ལྷག་ཙམ་ལ་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་ཡན་ཡོང་བར་སྐུལ་ཁྲིད་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།