ཟླ་10པར་མྱུར་སྐྱེལ་ལས་འབོར་སླར་ཡང་བསྐུར་མ་དུང་ཕྱུར་170ལྷག་ཙམ་ཟིན་པ།
ཉེ་ཆར་གསར་འགོད་པར་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་10པར། རང་རྒྱལ་གྱི་མྱུར་སྐྱེལ་ལས་འབོར་ཟླ་གཉིས་བསྟུད་མར་བསྐུར་མ་དུང་ཕྱུར་170ལྷག་ཙམ་ཟིན་ནས་གྲོང་ཁྱེར་དང་གྲོང་གསེབ་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་དང་གཤོང་ཚད་ཆེ་རུ་འགྲོ་བར་རམ་འདེགས་ནུས་ལྡན་ཐུབ་སྟེ་ཐོན་ལས་མཉམ་དུ་འཕེལ་རྒྱས་དང་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་པར་འཁོར་རྒྱུག་གི་འགན་ལེན་བྱས་ཡོད།
ཟླ་10པར། མྱུར་སྐྱེལ་ལས་རིགས་ཀྱིས་དྲ་ཐོག་ཚོང་དོན་གྱི་བྲིན་སྐུལ་བྱེད་སྒོའི་བསྐུར་སྐྱེལ་གྱི་དགོས་མཁོར་དམ་པོར་དམིགས་ནས། ཐོན་ཚོང་འདྲེན་གསུམ་མཉམ་འགུལ་གཞི་གཅིག་གི་ཞབས་ཞུའི་འབྲེལ་ལམ་འཛུགས་པ་དང་། དབོར་འདྲེན་བཀོད་སྒྲིག་དང་ཐོན་ཁུངས་སྤྱོད་ཤུགས་ཆེ་རུ་བཏང་ནས་ཚ་ལུ་མ་དང་། ཤིང་ཏོག་ཨ་མྲ། མཚོ་ཟས། ཚགས་ཤ་དང་ལུག་ཤ་སོགས་དུས་ཚིགས་ཀྱི་ཐོན་རྫས་ཕན་འབྲས་མཐོ་པོས་འཁོར་རྒྱུག་ཐུབ་པར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཚོད་རྩིས་བྱས་པ་བརྒྱུད། ཟླ་10པར་ཀྲུང་གོའི་མྱུར་སྐྱེལ་གྱི་འཕེལ་རྒྱས་སྟོན་གྲངས་477.8ཟིན་པ་དེ་དུས་མཚུངས་ལས་0.5%འཕར་ཡོད་པ་རེད།
ལས་རིགས་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་བྱུང་བ་དེ་ནི་ཕྱོགས་བསྡུས་དབོར་འདྲེན་བྱེད་ནུས་དང་ཆེད་ལས་ཅན་གྱི་འགན་ལེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་ལས་ཕན་པ་ཐོབ་པ་ཞིག་རེད། ཟླ་10པར། ལས་རིགས་དེས་བསྐུར་སྐྱེལ་དྲ་རྒྱའི་བཀོད་པ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ལྟེ་བ་དང་། མ་ལམ། མཐའ་སྣེ་བཅས་ཀྱི་ལྷུ་ཚིཌ་ཀྱི་ཞན་ཆ་གང་མགྱོགས་བསལ་ཏེ། མཁའ་འགྲུལ་དང་། ལྕགས་ལམ། གཞུང་ལམ་སོགས་ཀྱི་དབོར་འདྲེན་གྱི་ཐོན་ཁུངས་སྤྱི་འདོམས་བྱས་པས་ཕྱོགས་བསྡུས་སྐྱེལ་འདྲེན་གྱི་འདེགས་སྐྱོར་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།
ད་ཆ་མྱུར་སྐྱེལ་ལས་རིགས་ཀྱིས་རྣམ་པ་གསར་པ་རྒྱ་སྐྱེད་གཏོང་བ་དང་ཁྲོམ་ར་གསར་པར་ཞབས་འདེགས་ཞུ་བཞིན་ཡོད། མཁའ་འགྲུལ་ཀུང་སི་དང་ལྕགས་ལམ་ཁེ་ལས་མཉམ་འགུལ་བྱེད་ཟབ་ཏུ་བཏང་ནས་ཅ་ལག་ལེན་རྒྱུ་སྔོན་ནས་མངགས་པ་དང་རྡོག་ཁྲེས་ཐད་ཀར་བསྐུར་བ་སོགས་གཞི་གཅིག་ཅན་གྱི་ཞབས་ཞུ་ཁྱབ་གདལ་བཏང་བ་དང་། ཞབས་ཞུའི་ས་ཚིགས་དང་རིག་ནུས་བསྐུར་སྐྱེལ་སྒྲིག་ཆས་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ། ཡུལ་སྐོར་བས་ས་ཆ་དེ་རང་ནས་བསྐུར་ཐུབ་པ་དང་ཉོས་མ་ཐག་བསྐུར་བར་རམ་འདེགས་བྱེད་པ། འགྲན་བསྡུར་སྣ་ཚོགས་ལ་ཞུགས་ནས་འགྲན་བསྡུར་གྱི་དངོས་ཟོག་འཁོར་རྒྱུག་གནད་སྨིན་ཐུབ་པ་བཅས་བྱས་པས། གྲོང་ཁྱེར་གྱི་འགྲུལ་རྒྱུན་འཛད་སྤྱོད་ཀྱི་འཕར་འབོར་ལ་འགྱུར་བར་སྐུལ་འདེད་ནུས་ལྡན་ཐུབ་སྟེ་ནང་མཁོ་རྒྱ་ཆེར་གཏོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་པ་རེད། གྲངས་གཞི་ལས་མངོན་པར། ཟླ་10པར་མྱུར་སྐྱེལ་ཞབས་ཞུར་སྤྱི་དམངས་བློ་ཡིད་ཚིམ་ཚད་ཀྱི་ཐོབ་སྐར་85.2ཟིན་པ་དེ་དུས་མཚུངས་ལས་ཐོབ་སྐར་0.1འཕར་ཡོད། གཙོ་གནད་ས་ཁུལ་དུ་ཆུ་ཚོད་72ནང་ལག་འབྱོར་ཐུབ་ཚད་སྔོན་དཔག་ལྟར་ན་86.7%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.9འཕར་ཡོད།
འབྲེལ་ཡོད་གསར་འགྱུར།