ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་དམག་ཨུད་རྒྱལ་སྲུང་སྐུལ་སློང་པུས།
《དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》མཉམ་དུ་བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་དམག་ཨུད་རྒྱལ་སྲུང་སྐུལ་སློང་པུས《དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》མཉམ་དུ་བཀྲམ་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་སྤྱིའི་བླང་བྱ་དང་། གཙོ་གནད་ལས་འགན། འགན་ལེན་བྱ་ཐབས་བཅས་ཁ་གསལ་བཏོན་པ་རེད།
འཆར་འགོད་ནང་ནན་བཤད་བྱས་དོན། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་ནི་རྒྱལ་སྲུང་འཛུགས་སྐྱོང་དང་སྲ་བརྟན་དུ་གཏོང་བའི་རྨང་གཞི་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་གཏོད་ཀྱི་ནང་དོན་གལ་ཆེན་ཞིག་ཀྱང་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་མཐའ་འཁྱོངས་བྱེད་པ། དུས་བབ་དང་ལས་འགན་དང་བསྟུན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་འཛིན་པ། དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་དང་རྒྱལ་སྲུང་བྱང་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཚད་དུ་འཛིན་པ་བཅས་བྱས་ནས་དམག་དཔུང་དང་ས་གནས་དབར་གྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞུང་འཁྱོངས་གསར་འབྱེད་ཀྱིས་རྒྱལ་སྲུང་སློབ་གསོའི་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ་རྒྱལ་སྲུང་ལ་སེམས་ཁུར་དང་། རྒྱལ་སྲུང་ལ་དགའ་ཞེན། རྒྱལ་སྲུང་འཛུགས་སྐྱོང་། རྒྱལ་སྲུང་ལ་སྲུང་སྐྱོབ་བཅས་བྱ་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་བར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།