ཧུའུ་ཁྲང་ཧྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཞུགས་མཁན་འཐུས་མིར་གཟིགས་པ།

ཟླ་11ཚེས་27ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མི་ཚོགས་པ་ཁག་གི་བཞུགས་གནས་སུ་ཕེབས་ནས་ཚོགས་ཆེན་ལ་ཞུགས་མཁན་འཐུས་མིར་གཟིགས་ཤིང་། འདི་ནི་ཧུའུ་ཁྲང་ཧྲེང་གིས་གཞི་རིམ་གྱི་འཐུས་མི་དང་བྱམས་བརྩེའི་ངང་ཕྱག་གཏོང་གནང་བཞིན་པ།
ཟླ་11ཚེས་27ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མི་ཚོགས་པ་ཁག་གི་བཞུགས་གནས་སུ་ཕེབས་ནས་ཚོགས་ཆེན་ལ་ཞུགས་མཁན་འཐུས་མིར་གཟིགས་པ་རེད།
ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། ཀུང་ཧུའེ་ཚའེ། ཧོ་ལུའུ་ཁྲུན། ལའེ་ཅའོ། རེན་ཝེ། ཚེ་རིང་ཐར། ཟླ་བ་ཚེ་རིང་། བསྟན་པ། ཅང་ཝུན་ཕེང་། ཞུས་ཀྲི་ཝུན་བཅས་ལྷན་དུ་གཟིཌ་པར་ཕེབས་པ་རེད།
འཐུས་མི་ཚོགས་པ་ཁག་གི་བཞུགས་གནས་སུ་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་། འཐུས་མི་ཚོ་བློ་སྟོབས་ཆེར་སྐྱེད་དང་། སེམས་ཤུགས་འཕེལ་བ། སྤྲོ་སེམས་འཕེལ་བ་བཅས་ཡོད། ཧུའུ་ཁྲང་ཧྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གྲོང་ཁྱེར(ས་གནས)ཁག་གི་འཐུས་མི་ཚོགས་པ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་གི་འཐུས་མི་ཚོགས་པ། ལྗོངས་ཐད་གཏོགས་ཀྱི་འཐུས་མི་ཚོགས་པ་བཅས་སུ་ཕེབས་ཏེ། ལས་རིགས་ཁག་ནས་ཕེབས་པའི་འཐུས་མི་ཚོར་རེ་རེ་བཞིན་ཕྱག་བཏང་གནང་བ་དང་བྱམས་བརྩེའི་སྤེལ་རེས་གནང་སྟེ། གཞི་རིམ་གྱི་འབོད་སྒྲ་ནན་ཏན་ངང་གསན་པ་དང་ཚོགས་ཞུགས་ཀྱི་གྲ་སྒྲིག་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ཚང་མས་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།
ཧུའུ་ཁྲང་ཧྲེང་གིས་གསུངས་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ལས་བྱེད་པ་དང་མང་ཚོགས་ཀྱིས་རེ་བ་ཆེན་པོ་བཅོལ་ཡོད་པ་དང་སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ད་ཐེངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཡག་པོ་འཚོག་རྒྱུ་དེ་བོད་ཀྱི་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། གདེང་ཚོད་བརྟན་གཏོང་དང་། རྒྱུན་མཐུད་འབད་འཐབ། དཔའ་སྐྱེད་མདུན་སྐྱོད་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། འཐུས་མི་རྣམ་པས་སྣེ་ཁྲིད་དེ་ཆབ་སྲིད་ལ་སྣང་ཆེན་དང་། ཏང་གཤིས་ལ་སྣང་ཆེན། སྤྱི་ཡོངས་ལ་སྣང་ཆེན་བཅས་བྱེད་པ་དང་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ལ་བརྟེན་ནས་སེམས་ནུས་གཅིག་སྒྲིལ་གྱིས་ཚོགས་ཆེན་ཡག་པོ་འཚོགས་ཏེ་ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བའི་རེ་བ་ཡོད། ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་སྒྲོན་དང་འབྲེལ་ཡོད་ཡིག་ཆར་གྲོས་བསྡུར་དང་གྲོས་ཞིབ་ནན་ཏན་བྱེད་པ་དང་། དམངས་གཙོའི་དབང་ཆ་ཡང་དག་སྤྱོད་པ། ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་ནན་དུ་གཏོང་བ། ཏང་གི་འཐུས་མིའི་གཟུགས་བརྙན་བཟང་པོ་གང་ལེགས་མངོན་པ་བཅས་བྱས་ཏེ་ད་ཐེངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་དེ་དར་ཆ་མཐོན་པོར་སྒྲེང་བ་དང་། ལྷག་བསམ་རྣམ་དག བསམ་བློ་གཅིག་གྱུར། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། འབད་འབུངས་ཡར་བརྩོན། འབྱུང་འགྱུར་གཏོད་པ་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་མཉམ་དུ་འཚོག་དགོས།
འཐུས་མི་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། རང་འགན་གཙང་སྒྲུབ་ནན་ཏན་བྱེད་པ། འཐུས་མིའི་དབང་ཆ་ཡང་དག་སྤྱོད་པ། སྙན་སྒྲོན་དང་ཡིག་ཆར་གྲོས་ཞིབ་ཡག་པོ་བྱེད་པ། གཞི་རིམ་གྱི་སེམས་གཏམ་བརྒྱུད་སྤེལ་ཡག་པོ་བྱེད་པ། འཕེལ་རྒྱས་ཀྱི་འཆར་གཞི་མཉམ་དུ་འགོད་པ། ནུས་ཤུགས་ཡོད་རྒུས་ཚོགས་ཆེན་གྱི་ལས་འགན་ཁག་ལེགས་སྒྲུབ་ཡག་པོ་བྱེད་པ། སྣེ་ཁྲིད་དེ་ཏང་གི་འཐུས་མི་ཚོགས་ཆེན་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། སྣེ་ཁྲིད་དེ་དྲིལ་བསྒྲགས་དང་སྒྲོག་འགྲེལ་ལས་དོན་ཡག་པོ་བསྒྲུབ་པ། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་གཞི་རིམ་གྱི་འཐབ་ས་དང་པོར་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།