དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གཅེས་བཏུས》ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེ་ལན་པང་ཁོག་ཏུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-28

    ཚེས་26ཉིན། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་དང་། ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས། ཐེ་ལན་ཐེ་ཀྲུང་རིག་གནས་སྐུལ་སྤེལ་ཨུ་ལྷན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ཇུས་འདོན་ཚོགས་པ་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གཅེས་བཏུས》ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེ་ལན་གྱི་རྒྱལ་ས་པང་ཁོག་ཏུ་འཚོགས་པ་རེད། ཀྲུང་ཐེ་རྒྱལ་ཁབ་གཉིས་པོའི་རིགས་གཅིག་མཁས་ཅན་དང་མཁས་དབང་50ལྷག་ཙམ་ཚོགས་འདུར་ཞུགས་ནས། “མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན་པའི”སྐོར་ལ་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།

    ཐེ་ལན་གྱི་ཙུང་ལི་གཞོན་པ་ཟུར་པ་དང་ཐེ་ཀྲུང་རིག་གནས་སྐུལ་སྤེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཕི་ཉི·ཀྲ་ལུའུ་སུང་པ་ཡིས་ཤིས་ཚིག་ནང་བརྗོད་དོན། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དང་མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འདུ་ཤེས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད། 《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གཅེས་བཏུས》ཐེ་ལན་ཡི་གེའི་དཔར་མ་དཔེ་སྐྲུན་བྱས་པ་དེས་ཐེ་ལན་གྱི་ཀློག་པ་པོས་ཀྲུང་གོའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་བློ་གྲོས་སྔར་བས་ཤེས་རྟོགས་གཏིང་ཟབ་ཐུབ་རྒྱུར་ཕན་ཐོགས་ཡོད་ལ། ཐེ་ཀྲུང་རྒྱལ་ཁབ་གཉིས་པོའི་དམངས་སེམས་སྔར་བས་གཅིག་མཐུན་ཆགས་ངེས་རེད།

    ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚན་ཙན་ལི་ཅི་ཅོན་གྱིས་ཤིས་ཚིག་ནང་བརྗོད་དོན། རྒྱལ་ཁབ་ཁག་གི་ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་ལམ་ལུགས། འཕེལ་རྒྱས་དུས་མཚམས་བཅས་མི་འདྲ་བས་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་པའི་ལག་ལེན་དང་འགྲོ་ལམ་ཡང་འདྲ་མིན་སྣ་ཚོགས་ཡོད། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་པར་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་རྐྱང་བསལ་ནས་འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བསྐྲུན་ཡོད། ཐེ་ལན་ལ་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་ཡོད་པས་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོ་འགན་སྲུང་སོགས་ཐད་ཉམས་མྱོང་མང་པོ་བསགས་ཡོད། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་ཐེའི་མཉམ་ལས་ཀྱི་འགོ་འཛུགས་ས་རེད།

    ཀྲུང་གོ་ཕྱི་ཡིག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་ཡུན་ཆོན་གྱིས། མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོའི་བདེ་རྩར་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་གི་རྨང་གཞི་བརྟན་དུ་གཏོང་དགོས། བསྟུན་ཀྱང་གཅིག་མཚུངས་མི་བྱེད་པ་རྒྱུན་འཁྱོངས་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས། ལས་དབང་གཅིག་མཐུན་དར་སྤེལ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་གི་མཉམ་ཤུགས་གཅིག་ཏུ་བསྡུས་ཏེ་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་གི་བཅོས་སྐྱོང་དེ་བས་དྲང་གཞག་དང་། གཞུང་དྲང་། ལུགས་མཐུན། བསྟུན་མཁས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དེ་ཐོག་ནས་ཀྲུང་ཐེ་རྒྱལ་ཁབ་གཉིས་པོའི་འགྲོ་བ་མིའི་ཐོབ་ཐང་སྤེལ་རེས་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཏུ་མཚོན་ཡོད་ཅེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གཅེས་བཏུས》ཀྱི་ཕྱི་རྒྱལ་ཡི་གེའི་དཔར་མ་13སྔ་རྗེས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པར། འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་དང་། སྲིད་ཕྱོགས་ལས་རིགས། རིག་གཞུང་ལས་རིགས། ཇུས་འདོན་ཚོགས་པ། སྨྱན་སྦྱོར་མི་སྣ་བཅས་མང་པོས་དོ་ཁུར་དང་ཞིབ་འཇུག་བྱེད་པའི་ཡིད་དབང་བཀུག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།