དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རིམས་འགོག་སྨན་ཁབ་བརྒྱབ་ནས་རྒན་རྒོན་དང་བྱིས་པར་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-27

    རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཅུས་བཅས་ཀྱིས《རིམས་འགོག་སྨན་ཁབ་ཀྱི་སྨན་ཐོའི་ལས་དོན་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》འགྲེམས་བསྒྲགས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་རིམ་པ་གཉིས་པ་དང་དེ་ཡན་གྱི་སྨན་བཅོས་སྒྲིག་གཞི་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་རིམས་འགོག་སྨན་ཁབ་ཀྱི་སྨན་ཐོ་ཕྱོགས་ཡོངས་ནས་རིམ་བཞིན་ཁྱབ་ཐུབ་པར་བྱེད་དགོས་ཞེས་བཏོན་ཡོད། མང་ཚོགས་ལ་ནད་བརྟག་སྨན་བཅོས་ཀྱི་ཞབས་འདེགས་ཞུ་རིང་། རིམས་འགོག་སྨན་ཁབ་རྒྱག་དགོས་པའི་གྲོས་འགོ་བཏོན་པ་དེས་དམངས་ཡོངས་ཀྱི་བདེ་ཐང་གི་སྲུང་བཅད་དེ་བས་བརྟན་དུ་གཏོང་བར་ཕན་འབྲས་ཐོན་ཡོད། འདི་ནི་ཨན་ཧུའེ་ཞིང་ཆེན་ཧན་ཧྲན་རྫོང་ཐུང་ཀྲ་གྲོང་རྡལ་ཁྲང་ཀང་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་སྨན་དོན་པས་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ལ་རིན་མེད་ངང་ཆམ་རིམས་སྔོན་འགོག་གི་ཁབ་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།