ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུཌ་ཆེད་སྨྱན་སྦྱོར་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།
—— མ་ལེ་ཞི་ཡའི་རྒྱལ་ཁབ་གསར་འགྱུར་ཁང་གི་དབུ་བཞུཌ་ལག་བསྟར་དཔོན་ནུའུ་ལུའུ·ཨ་ཧྥེ་ཏ་ལ་བཅར་འདྲི་བྱས་པ།

ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་ནི་འཛམ་གླིང་གི་དཔལ་འབྱོར་ལ་གསོན་ཤུགས་ཆེ་ཤོས་ལྡན་པའི་ས་ཁུལ་གྱི་གྲས་ཤིག་རེད། མ་ལེ་ཞི་ཡའི་རྒྱལ་ཁབ་གསར་འགྱུར་ཁང་གི་དབུ་བཞུགས་ལག་བསྟར་དཔོན་ནུའུ་ལུའུ·ཨ་ཧྥེ་ཏ་ཡིས།APECཡི་འབྲེལ་ཡོད་ཀྱི་གྲོས་རིམ་དག་ཚོང་དོན་དང་། མ་འཇོག གྲངས་འཛིན་ཅན། མི་ཐབས་རིག་ནུས། མཁོ་སྤྲོད་འཁོར་འབྲེལ་སོགས་ལ་དམིགས་ནས་སྤེལ་ཡོད། གྲོས་གཞི་དེ་དག་ཁེ་ལས་འཕེལ་རྒྱས་གཏོང་བ་དང་། དམངས་ཚོགས་ལས་ཞུགས་ཡོང་བ། སྡེ་ཁུལ་གྱི་འཚོ་བ་གཏོད་པ་སོགས་དང་ཟུང་འབྲེལ་དམ་ཟབ་བྱེད་པར། ས་ཁུལ་སྨྱན་སྦྱོར་གྱིས་ནུས་པ་དེ་བས་མང་བ་འདོན་དགོས་པའི་ངོས་འཛིན་བྱས་ཤིང་། ཁོང་གིས“སྨྱན་སྦྱོར་གྱིས་སྲིད་ཇུས་དང་དམངས་ཚོགས་དབར་གྱི་འབྲེལ་ཟམ་བཙུགས་ནས་མཉམ་ལས་ཀྱི་གྲུབ་འབྲས་སྔར་བས་མིག་མཐོང་ལག་ཟིན་ཐུབ་པར་བྱེད་དགོས”ཞེས་བརྗོད།
མི་ཐབས་རིག་ནུས་ནི་APECཡི“ཀྲུང་གོའི་ལོའི”རིམ་སྤེལ་བྱེད་སྒོའི་གྲོས་གཞི་གལ་ཆེན་གྱི་གྲས་ཤིག་ཡིན་པས། ཕྱོགས་ཁག་གིས་ལག་རྩལ་བཀོལ་སྤྱོད་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཀུན་ཕན་བསྟུན་མཁས་ངང་འཕེལ་རྒྱས་གཏོང་བ་སོགས་ལ་དམིགས་ནས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཡོད། ནུའུ་ལུའུ·ཨ་ཧྥེ་ཏ་ཡིས། སྨྱན་སྦྱོར་འཕེལ་རྒྱས་གཏོང་ཕྱོགས་ནས་བལྟས་ཚེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་སྨྱན་སྦྱོར་གྱིས་གསར་འགྱུར་གྱི་མི་ཆོས་ལྟ་བ་དང་ལས་རིགས་ཀུན་སྤྱོད་ལ་བརྩི་སྲུང་བྱེད་པའི་རྨང་གཞིའི་ཐོག་སྲོལ་རྒྱུན་གྱི་ཆ་འཕྲིན་འཚོལ་བསྡུ་བྱེད་ཐབས་ནུས་ལྡན་སོར་འཇོག་ཐོག མི་ཐབས་རིག་ནུས་སོགས་ཀྱི་ལག་རྩལ་གསར་པ་ཧུར་ཐག་སྤྱད་པ་དེས་ལས་གཉེར་བས་གྲངས་གཞིར་དབྱེ་ཞིབ་དང་། ཆ་འཕྲིན་ཡིག་སྒྱུར་བྱེད་པ། ནང་དོན་བཟོ་ནུས་ཤུགས་ཆེར་གཏོང་བ་སོགས་ལ་རམ་འདེགས་ཐུབ་པའི་ངོས་འཛིན་བྱེད་ཅིང་། སྨྱན་སྦྱོར་གྱི་མཉམ་ལས་སྐོར་གླེང་སྐབས། ཁོང་གིས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་སྨྱན་སྦྱོར་གྱིས་རྒྱུན་གཏན་གྱི་གསར་འགྱུར་ནང་དོན་མཁོ་སྤྲོད་བྱེད་སྟངས་དེ་མི་ཐབས་རིག་ནུས་དང་སྨྱན་སྦྱོར་གསར་པ་སོགས་ལ་དམིགས་པའི་མཉམ་འབྲེལ་གསོ་སྦྱོང་གིས་གསར་འགོད་པའི་དབར་སྤེལ་རེས་དང་མཉམ་འབྲེལ་བཅར་འདྲིར་སྐུལ་འདེད་གཏོང་རྒྱུ་སོགས་ཚུད་པའི་དེ་བས་ཟབ་ཅིང་དངོས་ཡོད་ཀྱི་ནང་དོན་ལྡན་པའི་མཉམ་ལས་ལ་བསྒྱུར་ཆོག་ཅེས་བརྗོད།
ད་ལོའི་ཟླ་དགུ་པར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་སྨྱན་སྦྱོར་གྱི་མཐོ་རིམ་གླེང་སྟེགས་ཧྲེན་ཀྲེན་དུ་འཚོགས་ཤིང་། གླེང་སྟེགས་ཐོག་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་16གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་སྨྱན་སྦྱོར་མཉམ་ལས་རོགས་ཟླའི་འཆར་གཞིའི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་གྲོས་འགོ་བཏོན་པ་དང་། མ་ལེ་ཞི་ཡའི་རྒྱལ་ཁབ་གསར་འགྱུར་ཁང་ནི་དེའི་གྲས་ཤིག་རེད། ནུའུ་ལུའུ·ཨ་ཧྥེ་ཏ་ཡིས། མ་ལེ་ཞི་ཡའི་གསར་འགྱུར་ལས་དོན་ཁང་དེ་ཉིད་གཞུང་ཕྱོགས་ཀྱི་འཕྲིན་སྤེལ་ཁང་ཞིག་ཡིན་པའི་ངོས་ནས། དེར་ཡི་གེ་དང་། བརྙན་འཕྲིན། རླུང་འཕྲིན། སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སོགས་ཕྱོགས་ཀུན་ལ་ཁྱབ་པའི་འཁོར་སྐྱོད་རྣམ་པ་ཞིག་ཆགས་ཡོད། ཨེ་ཤེ་ཡའི་གསར་འགྱུར་སྒྲིག་གཞིས་ལག་གདང་སྦྲེལ་ནས་བློས་འགེལ་ཆོག་ཅིང་རང་ཡུལ་དུ་གཞི་ཚུགས་པའི་གསར་འགྱུར་སྔར་བས་མང་བ་སྤེལ་རྒྱུར་ལེགས་སྐྱེས་འབུལ་ཐུབ་ཅེས་བརྗོད།
ནུའུ་ལུའུ·ཨ་ཧྥེ་ཏ་ཡིས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་ལ་བལྟས་ཚེ། རྒྱལ་ཁབ་སོ་སོར་རང་རང་གི་ལོ་རྒྱུས་རིག་གནས་སྣ་ཚོགས་ཤིག་ཡོད་པས། དེར་སྔོག་འདོན་གཏིང་ཟབ་བྱས་ནས་གླེང་རིན་ཡོད་པའི་གཏམ་རྒྱུད་མང་པོ་ཡོད་པར་བརྟེན། “ང་ཚོས་ལག་གདང་སྦྲེལ་ནས་མཉམ་དུ་ཆ་འཕྲིན་དེ་བས་ཤར་གཏོང་དང་། འབྲེལ་གཏུག་དེ་བས་ཟབ་པ། དེ་བས་ཡིད་ཆེས་བྱེད་ཆོག་པ་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་ཞིག་ཐུན་མོང་ཐོག་བསྐྲུན་དགོས”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།