དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་འོད་དྲོད་གློག་ཁང་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-27

    ཉེ་ཆར། ཀྲུང་ཀོང་ཉིང་རྡུལ་ཚོགས་པ་ཚད་ཡོད་ཀུང་སིའི་མངའ་རིས་གངས་ལྗོངས་ས་མཐོའི“ཐཱན་མེད”འོད་གསོག་ཚ་གློག་དཔེ་སྟོན་རྣམ་གྲངས་ཀྱི་ཆན་ཝ་ཁྲི་5ཟིན་པའི་འོད་དྲོད་གློག་ཁང་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་ཏེ་མིག་སྔར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་དྲ་སྦྲེལ་འོད་དྲོད་གློག་ཁང་དུ་གྱུར་པ་མ་ཟད། གོ་ལ་ཧྲིལ་པོའི་ཤོང་ཚད་ཆེ་ཤོས་ཀྱི་འོད་དྲོད་གློག་ཁང་གི་ཚྭ་བཞུ་གློག་གི་ཚ་དྲོད་གཏོང་ཆས་ཀྱང་བཀོད་སྒྲིག་བྱས་ཡོད།

    རྣམ་གྲངས་དེ་མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ཟིན་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་24ཙམ་བཏང་བ། གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་འདོན་ཚད་ཆན་ཝ་ཁྲི་15ཟིན་པའི་ནང་ཆན་ཝ་ཁྲི་10ཟིན་པའི་འོད་ཤུགས་དྲ་སྦྲེལ་ཐུབ་ཡོད། ད་ཐེངས་དྲ་སྦྲེལ་ཐུབ་པ་ནི་འོད་དྲོད་གློག་ཁང་གི་འཕྲུལ་ཚན་དང་པོ་དེ་ཡིན་པ་དང་འཕྲུལ་ཚན་གཉིས་པ་སྔོན་དཔག་བྱས་ན་འདི་ལོ་དྲ་སྦྲེལ་ཐུབ་རྒྱུ་རེད།

    རྣམ་གྲངས་འཛུགས་སྐྲུན་གྱིས་རིམ་རྩིས་བརྒྱབ་ན་ས་གནས་དེ་གའི་ཞིང་འབྲོག་པ་500ལྷག་ཙམ་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་པ་དང་ས་གནས་དེ་གའི་འཕྲུལ་ཆས་27སྤྱད་དེ་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་2000ལྷག་ཙམ་བྱུང་ཡོད། རྣམ་གྲངས་དེ་ཕྱོགས་ཡོངས་ནས་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་སྔོན་དཔག་བྱས་ན་ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2.7ཙམ་ཟིན་རྒྱུ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་16.82ཉུང་དུ་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།