དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བོད་ལྗོངས་ལྷ་རི་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མའི“ཚོགས་སྒྲིག་རྣམ་པའི”ལས་ཞུགས་དཔེ་མཚོན་དེ་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་དཔེ་མཚོན་མཛོད་ནང་བཅུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-26

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། 2026ལོའི་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་རོགས་ཟླའི་བགྲོ་གླེང་ཚོགས་འདུའི་ཐོག་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་དཔེ་མཚོན་བསྡུ་རུབ་བྱེད་སྒོ་སྐབས་བདུན་པའི་འབྲས་བུ་ཡོངས་བསྒྲགས་བྱས་ཤིང་། བོད་ལྗོངས་ལྷ་རི་རྫོང་གིས་ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་དབུན་ཐའེ་ལས་དོན་ཚོགས་ཆུང་ཁག་བཅུ་པ་དང་མཉམ་དུ་ཡིག་ཐོག་སྙན་ཞུ་ཕུལ་བའི《ཚོགས་སྒྲིག་རྣམ་པའི་ཐོག་ནས་མི་རིགས་ས་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རོགས་སྐྱོར་དང་སྐུལ་འདེད་གཏོང་བའི་བོད་རང་སྐྱོང་ལྗོངས་ལྷ་རི་རྫོང་གི་དབུལ་པོ་ཉུང་གཏོང་གི་དཔེ་མཚོན》དེ་འོས་སྦྱོར་དཔེ་མཚོན་ནང་བདེ་བླག་ཚུད་པ་མ་ཟད། ཀྲུང་གོ་དང་ཕྱི་རྒྱལ་གྱི་དབུལ་པོ་ཉུང་གཏོང་གི་དཔེ་མཚོན་མཚོད་ནང་བཅུག་པ་རེད།

    2023ལོ་ཚུན་དུ། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གིས་ཀྲེ་ཅང་གི་ཁ་གཏད་བོད་སྐྱོར་ཐོན་ཁུངས་ལ་བརྟེན་ནས“ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིའི་ལས་ཞུགས་བྱེད་སྟངས་གསར་གཏོད་བྱས་ཏེ“སྲིད་ཇུས་ཀྱིས་ཁྲིད་སྟོན་དང་། སྦྲེལ་མཐུད་གནད་སྨིན། བརྒྱུད་རིམ་ཧྲིལ་པོར་སྲུང་སྐྱེལ། སྡེ་ཁུལ་མཉམ་འདྲེས”བཅས་འཁོར་འབྲེལ་རྣམ་པའི་ལས་ཞུགས་མ་ལག་ཅིག་བཏོད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོ་ནས་2026ལོ་བར་ལྷ་རི་རྫོང་གིས་ཁག་ཐེངས་7གྱི་མཐོ་སློབ་སློབ་ཐོན་སློབ་མ་126སྒྲིག་འཛུགས་བྱས་ནས་ཐའེ་ཀྲོའུ་རུ་ལས་ཞུགས་བརྟན་པོ་བྱས་པས། ཐོག་མའི་ལས་ཞུགས་ཐུབ་ཚད་100%ཟིན་པ་དང་། ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་7ལྷག་ཙམ་ཟིན་པ། ལས་ཞུགས་ལ་བློ་ཡིད་ཚིམ་ཚད་98%ཡན་ཟིན་པ། ཕྱིར་གཏོང་གཞི་ཁྱོན་ནག་ཆུ་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་ནས། ཞིང་འབྲོག་པའི་ཁྱིམ་ཚང་མང་པོར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།