དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་སའི་ཁུལ་ཧུར་ཐག་བཏོད་པ།

    ​མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ། མཱ་ལི།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-26

    མཚོ་བོད་ས་མཐོའི་མཐིལ་དུ་གནས་པའི་མཚོ་སྔོན་ཞིང་ཆེན་དེ་ཉིད་གནའ་བོའི་དར་གོས་ལམ་བུའི་མཚོ་སྔོན་གྱི་བགྲོད་ལམ་དང་ཐང་བོད་གནའ་ལམ་འབྲེལ་མཚམས་ཀྱི་འགག་རྩའི་བགྲོད་ལམ་ཞིག་རེད། མཚོ་སྔོན་གྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཕན་ཚུན་ལྟ་སྐྱོང་དང་མཉམ་གནས་མཉམ་འདྲེས་བྱས་ནས། སྣ་མང་གཞི་གཅིག་དང་ཞི་མཐུན་མཉམ་གནས་ཀྱི་ཤེས་དཔལ་སྤེལ་རེས་ཀྱི་བར་ཁྱམས་ཤིག་བཏོད་ཡོད།

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ཁུལ་གྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་། མཐུན་སྦྱོར་གཉིས་ཕན་བཅས་ཀྱི་ལག་ལེན་གྱི་ཐབས་ལམ་ཞིག་བཏོད་ཡོད་དེ།

    གཅིག་ནས་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ་ནས་འགོ་བརྩམས་ཤིང་། དོ་དམ་ལམ་སྲོལ་གསར་གཏོད་ཀྱིས་སྐྱེ་ཁམས་ཐེག་ནུས་ཀྱི་དོ་དམ་ཚོད་འཛིན་མ་ལག་བཙུགས་ནས། སྐྱེ་ཁམས་མཛེས་ལྗོངས་ཁུལ་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱེད་པ་དང་། སྐྱེ་ཁམས་ཀྱི་རིན་ཐང་གཞན་སྒྱུར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་མཚོ་མཐའི་ཞིང་འབྲོག་པར་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་དང་། གཉིས་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ལ་བརྟེན་ནས་རྨང་རྩ་གཉིས་བརྟན་ཡོང་བར་བྱས་ཤིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་གིས་ས་མཐོའི་རྩ་ཆེའི་དངོས་རིགས་དང་སྐྱེ་དངོས་སྣ་མང་རང་བཞིན་བརྒྱུད་རིམ་ལྡན་པའི་ངང་བསྲུངས་ནས། སྐྱེ་ཁམས་ཞིབ་སློབ་དང་། ས་མཐོའི་ཚན་ཞིབ། རང་བྱུང་ཁོར་ཡུག་སྲུང་སྐྱོང་སློབ་གསོ་སོགས་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་སྐྱེད་སྲིང་བྱས་ཡོད། གསུམ་ནས་རྨ་ཙོང་རིག་གནས་བར་ཁྱམས་ཀྱི་ནུས་པ་ཆེ་རུ་འགྲོ་བར་མཐུན་རྐྱེན་སྦྱར་ཞིང་། དར་གོས་ལམ་བུའི་ཤུལ་བཞག་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྐབས་བསྟུན་བེད་སྤྱོད་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། བཞི་ནས་རྨ་ཆུའི་ཡུལ་སྐོར་ཁུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་རྒྱ་བསྐྱེད་ཅིང་། འགྲིམ་འགྲུལ་གཞུང་ལམ་དྲ་བ་དང་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ནས། ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ་དང་། རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་མ་ལག་རིམ་སྤོར་བྱས་ཏེ་སྤུས་ཚད་མཐོ་བའི་རིག་གནས་ཡུལ་སྐོར་ཉམས་ལེན་ནུས་ཤུགས་ཡོད་རྒུས་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།