དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་རྨ་ལྷོས་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་པ།

    ​—— མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱས་ཏེ་ཡུལ་མིར་འབབ་འཕར་བཏོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​འདི་ག་ཚགས་པར་གྱི་གསར་འགོད་པ། ཚའོ་ཅི་ཝེ།   |     སྤེལ་དུས།  2026-11-26

    2025ལོར་མངོན་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་པར་གཞི《ངོ་མཚར་སྟོང་གི་རྨ་ལྷོ》ཞེས་པ་སྔ་རྗེས་སུ་སི་ཁྲོན་གྱི་ཁྲེང་ཏུའུ་དང་ཧྲའན་ཤིས་ཀྱི་ཤིས་ཨན་སོགས་སུ་བསྟན་ཞིང་། ཤིང་བརྐོས་དང་། ཐང་ག འཚེམ་དྲུབ་སོགས་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་མི་ཆོས་རིག་གནས་ཕྱོགས་ཀུན་ཏུ་ཁྱབ་པ་དང་། ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་ཡུལ་ལུང་དེ་གར་ཡོང་མཁན་མང་པོ་ཡོད།

    “མངོན་མིན་རིག་གནས་ཤུལ་བཞག་ནི་རྒྱུ་ནོར་རྩ་ཆེན་ཡིན་པས་ཡུལ་གྲུ་གཞན་དུ་ཁྱབ་སྤེལ་བྱེད་དགོས་ལ་དེ་བས་ཀྱང་རྒྱུན་འཛིན་ཐུབ་པར་བྱེད་དགོས”ཞེས་རྨ་ལྷོ་ཀྲོའུ་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་རོན་ཡོན་ཁྲེང་གིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། ལོ་གཅིག་ལྷག་ཙམ་གྱི་རིང་བརྙན་ལེན་སྒྲིག་བཟོ་ཞིབ་ཚགས་བྱས་པའི་གློག་བརྙན་དེ་ནི་རང་ཡུལ་གྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་དང་། རིག་གནས་རྒྱུན་འཛིན། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་མཚོན་ཚུལ་ཞིག་རེད་ཅེས་བརྗོད།

    ཉེ་བའི་ལོ་ཤས་རིང་། རྨ་ལྷོ་ཀྲོའུ་ཡིས་ཀྲོའུ་དེ་ཡོངས་ཀྱི་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་54གཞི་རྟེན་དུ་བྱས་ནས་སྲུང་སྐྱོང་དང་འཕེལ་རྒྱས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནའ་བོའི་གྲོང་ཚོར་སྲུང་སྐྱོང་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དེ་རིག་གནས་དང་ཡུལ་སྐོར་ནང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། རིག་གནས་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་མཐུན་རྐྱེན་སྦྱོར་བའི་ཁྱད་ལྡན་བགྲོད་ལམ་དུ་བསྐྱོད་པ་རེད།

    རེབ་གོང་གྲོང་ཁྱེར་སེང་གེ་གཤོང་མ་འགོ་གྲོང་ཚོར“ཁྱིམ་ཚང་ཚང་མར་ཐང་ག་བཞེངས་ཁང་ཡོད་པ་དང་དུད་ཚང་ཀུན་གྱིས་ཐང་ག་བཞེངས་རྩལ་སྦྱོང་བའི”རྣམ་པ་ཟབ་མོ་ཡོད། ཁྲོམ་གཞུང་དུ་ཐང་ག་བཞེངས་ཁང་དག་རིམ་པ་སྟར་ཆགས་སུ་གནས་པ་དང་ནང་དུ་ལྷ་འབྲི་བས་སྲོལ་རྒྱུན་གྱི་ཆ་ཚད་རྒྱུན་འཛིན་བྱས་ཏེ་ཚོན་སྣ་ཞིབ་ཚགས་ངང་བསྡེབས་པ་དང་ནན་ཏན་གྱིས་སྐྱ་རིས་འཐེན་བཞིན་ཡོད་ཅིང་། ཕྱི་རོལ་གྱི་རིག་གནས་བསམ་བཀོད་ཀྱི་ཚོང་འདུས་སུ་ཡོ་ལང་ཆེ་བ་དང་ཐད་གཏོང་ཟོག་འཚོང་སོགས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་སོང་ནས་གནའ་བོའི་ལག་རྩལ་དེ་ཉིད་དེང་རབས་ཀྱི་འཛད་སྤྱོད་ཁྲོམ་ར་དང་ཟུང་འབྲེལ་ཡག་པོ་བྱས་པར་བརྟེན། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་བཟོ་ཁང་ཡར་རྒྱས་ཕུན་སུམ་ཚོགས་པོ་ཕྱིན་ཡོད།

    རེབ་གོང་གྲོང་ཁྱེར་ཐོ་རྒྱ་གྲོང་རྡལ་གྱི་ཐོ་རྒྱ་མཁར་ནང་གྲོང་ཚོ་དང་ཐོ་རྒྱ་མཁར་ཕྱི་གྲོང་ཚོ་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་ལེགས་ཆར་བརྟེན་ནས་དར་རྒྱས་བྱུང་བ་དང་། ཡུལ་ཕྱོགས་དེའི་ཁྲོམ་སྲང་ཀུན་ཏུ་ཚོང་ཁང་མང་པོ་ཡོད་ལ་ཁྱད་ལྡན་ཞིམ་ཟས་དང་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་ཀྱང་སྐར་ཚོགས་བཞིན་དུ་ཁྱབ་འདུག ཁོད་སྙོམས་པའི་རྡོ་ལེབ་ཀྱིས་གནའ་ཉམས་དོད་པའི་ཁྲོམ་གཞུང་གི་ཕྱོགས་བཞི་ཡོངས་སུ་སྦྲེལ་ལ། རྩིག་གྱང་མཐུག་པའི་གནའ་བོའི་སྡོད་ཁང་གི་ཉམས་འགྱུར་ཆ་ཚང་སྲུང་སྐྱོང་ཐུབ་ཡོད། ཡུལ་ལུང་དེ་གར་ཏུའུ་སི་ཡཱ་མོན་དང་མིང་ཆིང་རྒྱལ་རབས་ཀྱི་དམག་སྒར་སོགས་ལོ་རྒྱུས་ཀྱི་བཟོ་བཀོད་དང་། ལ་གཞས་དང་དམངས་གླུ། སྲོལ་རྒྱུན་གྱི་ཧྲེ་ཧོ་བྲོ་གར་སོགས་མངོན་མིན་རིག་གནས་ཤུལ་བཞག་སྣ་མང་མ་ཉམས་རྒྱུན་འཛིན་གྱི་རྨང་གཞིའི་ཐོག་བཙོག་ཆུ་བཅོས་སྐྱོང་དང་འགྲོ་ལམ་མཁྲེགས་སྒྱུར་སོགས་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ཀྱི་ལས་གྲྭ་ཁག་16དུས་གཅིག་ཏུ་ལག་བསྟར་བྱས་པས། གྲོང་ཚོའི་བཀོད་པ་དང་སྡོད་ཁང་གི་སྤུས་ཚད་མངོན་གསལ་དོད་པོས་ཡག་ཏུ་སོང་ཡོད་པ་རེད།

    ས་ཁོངས་ཡོངས་ཀྱི་སྤྱི་འདོམས་ལ་གཞི་ཚུགས་ཏེ་རྨ་ལྷོ་ཀྲོའུ་ཡིས་སྣ་མང་ཅན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་མཉམ་འདྲེས་རྒྱུན་མཐུད་བྱས་ཤིང་། ཡུལ་བབ་དང་བསྟུན་ཏེ་རིག་གནས་བསམ་བཀོད་ཀྱི་ཡུལ་སྐོར་དང་སྤྲོ་གསེང་སོགས་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱས་ནས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་པ་རེད། 2025ལོར་ཀྲོའུ་དེ་ཡོངས་ཀྱི་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་36ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་20%ལྷག་ཙམ་འཕར་བ་དང་། ཐང་ག་ཆུང་གྲས་སོགས་མངོན་མིན་རིག་གནས་ཤུལ་བཞག་དྲ་ཐོག་ནས་ཐད་གཏོང་ཟོག་འཚོང་བྱས་པར་ལོ་ཧྲིལ་པོའི་ཕྱིར་འཚོང་ཡོང་འབབ་སྒོར་དུང་ཕྱུར་1.6ཟིན་ཡོད་པ་རེད།

    “ང་ཚོས་སྲོལ་རྒྱུན་གྲོང་ཚོའི་རང་བྱུང་སྐྱེ་ཁམས་དང་། ལོ་རྒྱུས་རིག་གནས། མངོན་མིན་རིག་གནས་ཤུལ་བཞག་གི་དམངས་སྲོལ་སོགས་ཀྱི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ། ཡུལ་མིར་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་གི་ཡོད”ཅེས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་གཞོན་པ་ཐང་ཞའོ་ཅན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།