གྲངས་འཛིན་རིག་ནུས་དང་ལྗང་གློག་ཟུང་འབྲེལ་གྱི་ཐབས་ལམ་གསར་དུ་བཏོད་པ།
གོ་ལ་ཧྲིལ་པོའི་ནུས་རྒྱུ་གཞན་སྒྱུར་ལ་ཁྱབ་གདལ་གཏོང་ཆོག་པའི་ལག་ལེན་གྱི་དཔེ་གཞི་བཏོན་པ།
ཐུར་ཁེའི་ཨན་ཐ་ལི་ཡར་འཚོགས་པའི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་གན་འཇོག་ཕྱོགས་ཀྱི་ཚོགས་ཆེན་ཐེངས་སོ་གཅིག་པར(COP31)“གྲངས་འཛིན་རིག་ནུས་དང་ལྗང་གློག་ཟུང་འབྲེལ་གྱི་ཐབས་ལམ་གསར་གཏོད་བྱེད་པ་སྟེ། གློག་ཤུགས་མ་ལག་གསར་པ་མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་ནུས་རྒྱུ་གཞན་སྒྱུར་གྱི་ལག་ལེན་གསར་པ”ཞེས་པའི་བརྗོད་དོན་གཙོ་བོའི་ཟུར་ཚོགས“ཀྲུང་གོའི་འགྲེམས་ཁུལ”དུ་འཚོགས་ཤིང་། ད་རེས་ཀྱི་ཟུར་ཚོགས་འདི་ཀྲུང་གོ་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་གོ་ལྷོ་ཕྱོགས་གློག་དྲ་ཚད་ཡོད་འགན་འཁྲི་ཀུང་སིས(གཤམ་དུ“ལྷོ་ཕྱོགས་གློག་དྲ་ཞེས་བསྡུ་རྒྱུ)གཙོ་གཉེར་དང་རྒྱལ་སྤྱིའི་བསྐྱར་སྐྱེས་ནུས་རྒྱུ་ཧྲུའུ(IRENA)དང་ཀྲུང་གོ—IRENAམཉམ་ལས་གཞུང་དོན་ཁང(ཆུ་གློག་དང་ཆུ་བེད་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང)གིས་གཉེར་རོགས་བྱས་པ་ཞིག་རེད། གྲུབ་འབྲས་ཡོངས་བསྒྲགས་དང་། གྲལ་སྒོར་གླེང་མོལ། དཔེ་གཞི་མཉམ་སྤྱོད་སོགས་ཀྱི་བྱེད་སྟངས་བརྒྱུད་ཀྲུང་གོས་གློག་ཤུགས་མ་ལག་གསར་པ་འཛུགས་པའི་གསར་གཏོད་འཚོལ་ཞིབ་དང་ལག་ལེན་གྱི་གྲུབ་འབྲས་བསྟན་ནས། ཀྲུང་ཕྱིའི་ནུས་རྒྱུའི་ཁྱབ་ཁོངས་ཀྱི་ཉམས་མྱོང་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་ནུས་རྒྱུའི་ཐཱན་ཉུང་གཞན་སྒྱུར་ཐད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་ཡོད།
རྒྱལ་སྤྱིའི་མཉམ་ལས་གྲུབ་འབྲས་ཡོངས་བསྒྲཌ་བྱེད་རིང་། ལྷོ་ཕྱོགས་གློག་དྲ(IRENA) དང་། ཆུ་གློག་ཆུ་བེད་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པའི་པེ་ཅིང་རྩད་ཞིབ་ཇུས་འགོད་ཞིབ་འཇུག་ཁང་བཅས་ཀྱིས་མཉམ་དུ་ཞིབ་འཇུག་སྙན་ཞུ《གློག་ཤུགས་མ་ལག་གསར་པ་འཛུགས་རྒྱུའི་ཐད་ཀྱི་ཐག་གཅོད་ཇུས་གཞི་སྟེ། གློག་དྲ་དང་། ནུས་གསོག ཆུ་གློག་བཅས་ཀྱི་ནུས་པའི་སྐོར》ཡོངས་བསྒྲགས་བྱས་པ་རེད།
གོ་ལ་ཧྲིལ་པོའི་ནུས་གསོག་མནའ་འབྲེལ་གྱི་གྲོས་འགོ་ཡོངས་བསྒྲགས་བྱས་ཤིང་། ལྷོ་ཕྱོགས་གློག་དྲའི་ནུས་གསོག་ཀུང་སི་དང་། ཆུ་གློག་ཆུ་བེད་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང་། ཀྲུང་ཀོན་ཚུན་ནུས་གསོག་ཐོན་ལས་ལག་རྩལ་མནའ་འབྲེལ་བཅས་ཀྱིས་སོ་ཏི་ཨ་རབ་རྒྱལ་སྤྱིའི་གློག་ཤུགས་དང་ཆུ་དོན་ཀུང་སི་སོགས་རྒྱལ་ཁབ་ཕྱི་ནང་གི་སྣེ་འདྲེན་ཁེ་ལས་མང་པོ་དང་མཉམ་འབྲེལ་གྱིས་གོ་ལ་ཧྲིལ་པོའི་ནུས་གསོག་མནའ་འབྲེལ་གྱི་གྲོས་འགོ་མཉམ་དུ་བཏོན་ཞིང་། དེའི་ནང་གོ་ལ་ཧྲིལ་པོའི་ནུས་གསོག་གཞི་ཁྱོན་ཅན་དང་། སྣ་མང་ཅན། གསར་གཏོད་ཅན་བཅས་འཕེལ་རྒྱས་གཏོང་རྒྱུ་ལས་འགན་ལ་བརྩིས་ནས་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་ནུས་གསོག་དེ་གློག་ཤུགས་མ་ལག་གསར་པའི་ལྟེ་བའི་རྨང་གཞིའི་སྒྲིག་བཀོད་ལ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་ནུས་རྒྱུ་གཞན་སྒྱུར་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་པ་བསྟན་ཡོད།
ཚོགས་འདུར《ལྷོ་ཕྱོགས་གློག་དྲ་ཀུང་སིའི་ལྗང་མདོག་འཕེལ་རྒྱས་གཏོང་བའི་རྒྱབ་ཤ་དཀར་པོའི་དེབ》ཀྱི་རྒྱ་ཡིག་དང་དབྱིན་ཡིག་པར་གཞི་ཐེངས་དང་པོ་ཡོངས་བསྒྲགས་བྱས་ཤིང་། དེའི་ནང“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྷོ་ཕྱོགས་གློག་དྲས་ནུས་རྒྱུ་གཙང་མ་མཁོ་སྤྲོད་དང་། ལྗང་མདོག་ཐཱན་ཉུང་འཁོར་སྐྱོད། གློག་ཐཱན་ཟུང་སྦྱོར་གྱི་ལས་སྒོ་སོགས་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་བསྟན་པ་མ་ཟད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ནུས་རྒྱུའི་མ་ལག་ཁྲོད་གློག་དྲའི་འགག་གནད་དང་སྟེགས་བུའི་ནུས་པ་གང་ལེགས་བཏོན་ནས་གློག་གིས་ལྗང་མདོག་ལ་སྐུལ་འདེད་དང་། གློག་གིས་ཐཱན་ཉུང་དུ་གཏོང་བའི་ལྟེ་བའི་འདེགས་སྐྱོར་ནུས་པ་ཆེ་རུ་བཏང་སྟེ། ཐཱན་མེད་པའི་འགྲན་རྩོད་ནུས་པ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་མཐོ་ས་གཏོད་པའི་ལས་འགན་བཀོད་སྒྲིག་ཀྱང་བྱས་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་དུ། 2030ལོར་སླེབས་སྐབས། སྐྱེ་ཁམས་ཀྱི་ཁེ་ལས་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་ཏེ། ལྷོ་ཕྱོགས་ས་ཁོངས་ཀྱི་ཐཱན་རྩེར་སོན་ལ་འདེགས་སྐྱོར་བྱེད་པའི་དམིགས་ཚད་དུས་བཀག་ལྟར་བསྒྲུབས་ནས་གློག་ཤུགས་མ་ལག་གསར་པ་དང་གློག་དྲ་གསར་པ་རགས་ཙམ་ཆགས་ཐུབ་པ་བྱ་རྒྱུ་མ་ཟད། ལྷོ་ཕྱོགས་གློག་དྲས་དྭངས་གཙང་ཐཱན་ཉུང་དང་། ནུས་ཆེའི་བེད་སྤྱོད། གློག་ཐཱན་མཐུན་སྦྱོར། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་མཛའ་མཐུན་བཅས་ཀྱི་ཆེད་དོན་བྱ་སྤྱོད་ཆེན་པོ་ལྔ་ལག་ལེན་བསྟར་ནས་ཚན་རྩལ་གསར་གཏོད་དང་། གྲངས་འཛིན་རིག་ནུས་ལས་སྟེགས། རྒྱལ་སྤྱིའི་མཉམ་ལས་སོགས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་དྭངས་ཤིང་གཙང་ལ་མཛེས་སྡུག་ལྡན་པའི་འཛམ་གླིང་ཐུན་མོང་ཐོག་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་བསྟན་ཡོད།
འབྲེལ་ཡོད་གསར་འགྱུར།