དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2026ལོའི་འཛམ་གླིང་ཧྲི་ཀྲང་གླེང་མོལ་གྱི་ཝུའུ་ལུའུ་མུའུ་ཆིའི་བྱེད་སྒོ་ཤིན་ཅང་དུ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-26

    ཟླ་11ཚེས་23ཉིན། “མི་རྩ་བར་འཛིན། གསར་གཏོད་དང་འཕེལ་རྒྱས།—དེང་རབས་ཅན་གྱི་མི་དམངས་ཀྱི་གྲོང་ཁྱེར་མཉམ་དུ་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་འཛམ་གླིང་ཧྲི་ཀྲང་གླེང་མོལ་གྱི་ཝུའུ་ལུའུ་མུའུ་ཆིའི་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་། རྒྱལ་ཁབ་13དང་གྲོང་ཁྱེར་26ནས་ཡོང་བའི་ཕྱི་རྒྱལ་གྱི་ཧྲི་ཀྲང་དང་གྲོང་ཁྱེར་གྱི་འཐུས་མི་སོགས་ཀྲུང་ཕྱིའི་སྐུ་མགྲོན་200ལྷག་ཙམ་ཤིན་ཅང་དུ་མཉམ་དུ་འཛོམས་ནས་དེང་རབས་ཅན་གྱི་གྲོང་ཁྱེར་བཅོས་སྐྱོང་གི་འདུ་ཤེས་དང་། ལག་ལེན་གྱི་ཉམས་མྱོང་། དགེ་མཚན་ལྡན་པའི་ཕན་འབྲས་བཅས་ལ་དམིགས་ནས་སྤེལ་རེས་བྱས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་དེ་ཟླ་11ཚེས་26ཉིན་བར་རྒྱུན་མཐུད་སྤེལ་རྒྱུ་ཡིན་ཞིང་། བྱེད་སྒོ་སྤེལ་རིང་འགོ་ཚུགས་མཛད་སྒོ་1དང་། མཉམ་མཚུངས་གྲལ་སྒོར་གྱི་གླེང་མོལ་གཙོ་བོ་3 བཅར་འདྲིའི་བྱེད་སྒོ་3 ཡུལ་དངོས་ཀྱི་གླེང་མོལ་བྱེད་སྒོ་3བཅས་སྤེལ་རྒྱུ་རེད། ཚེས་23ཉིན་ནས་བཟུང་རྒྱལ་ཁབ་མང་པོའི་སྐུ་མགྲོན་གྱིས་ཐེན་ཧྲན་ལྷོ་བྱང་གི་གྲོང་ཁྱེར་མང་པོར་བསྐྱོད་ནས་སྣ་མང་ཕུན་སུམ་ཚོགས་པའི་བཅར་འདྲིའི་བྱེད་སྒོར་ཞུགས་ཏེ། ས་གནས་དེ་གའི་དར་གོས་ལམ་རྒྱུད་ཀྱི་གྲོང་ཁྱེར་གྱི་འཕེལ་རྒྱས་ཀྱི་གསོན་ཤུགས་དངོས་སུ་ཉམས་སུ་མྱོང་རྒྱུ་རེད།

    “འཛམ་གླིང་གི་ཧྲི་ཀྲང་གླེང་མོལ”གྱི་བྱེད་སྒོ་དེ་2024ལོར་སྤེལ་འགོ་ཚུགས་ཚུན་ཀྲུང་གོའི་གྲོང་ཁྱེར་མང་པོར་སྤེལ་ནས་ཀྲུང་ཕྱིའི་གྲོང་ཁྱེར་བཅོས་སྐྱོང་གི་ཉམས་མྱོང་ཕན་ཚུན་དཔྱད་གཞིར་འཛིན་རེས་དང་དངོས་སྒྲུབ་མཉམ་ལས་ཟབ་གཏོང་གི་ལས་སྟེགས་གལ་ཆེན་དུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།