དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་ལས་གྲྭའི་འཕྲུལ་ཆས་ཧྲང་ཧའེ་རུ་མཉམ་དུ་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-26


    འདི་ནི་ཟླ་11ཚེས་24ཉིན་ཧྲང་ཧའེ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་གསར་པར་ལྟ་སྐོར་བས་ཞུས་ཀུང་རིག་གནས་བསམ་བཀོད་ཚོང་ཁང་གི་ལས་གྲྭའི་འཕྲུལ་ཆས་ཀྱི་དཔེ་དབྱིབས་རྩེད་ཆས་ཁག་གཅིག་ལ་ལྟ་བཞིན་པ།

    “ཐོན་སྐྱེད་ནུས་ཤུགས་གསར་མར་བརྟེན་ནས་ལས་རིགས་ཀྱི་ཕྱོགས་མཚམས་མེད་པར་བཟོས་ཏེ་མཉམ་དུ་འབྱུང་འགྱུར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང“འགྲེམས་ཚོགས་གཅིག་འགྲེམས་ཁང་གཉིས་ལ་གཉེར་བའི”ཀྲུང་གོ་རྒྱལ་སྤྱིའི་ལས་གྲྭའི་འཕྲུལ་ཆས་དང་། བཟོ་སྐྲུན་རྒྱུ་ཆའི་འཕྲུལ་ཆས། གཏེར་རིའི་འཕྲུལ་ཆས། ལས་གྲྭའི་རླངས་འཁོར་དང་སྒྲིག་ཆས་བཅས་ཀྱི་འགྲེམས་ཚོགས་དེ་ཟླ་11ཚེས་23དང་24ཉིན་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་འགྲེམས་སྟོན་ཁང་དང་ཧྲང་ཧའེ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་གསར་པར་འགོ་ཚུགས་པ་རེད། སྐབས་འདིའི་འགྲེམས་ཚོགས་ཀྱི་སྤྱིའི་འགྲེམས་སྟོན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་40ཟིན་པ་དང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་གྱི་འགྲེམས་ཞུགས་ཚོང་པ་4000ལྷག་ཙམ་ཞུགས་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།