དབུ་ཤོག
  • འཇོ་མདའ་རྫོང་མགར་ཆུང་གྲོང་ཚོས།

    ​དམངས་ཕན་སྦག་སྦག་སྤྲད་ནས་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་ལམ་དུ་ཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-26

    ཉེ་ཆར། འཇོ་མདའ་རྫོང་ཉ་གཤིས་ཤང་མགར་ཆུང་གྲོང་ཚོས་མང་ཚོགས་སྨན་ཁང་ལ་འགྲོ་བ་དང་། ཕྲུ་གུ་སློབ་གྲྭར་སྐྱེལ་བ། ལས་ཀར་འགྲོ་བ་བཅས་དང་དེ་བཞིན་ཞིང་འབྲོག་ཐོན་རྫས་སྐྱེལ་འདྲེན་སོགས་ལ་ཕན་པ་འདོགས་ཆེད། དམངས་ཕན་སྦག་སྦག་སྤྲོད་པའི་བྱེད་སྒོ་སྤེལ་ནས་ཁྱོན་སྦག་སྦག་23སྤྲད་པས་ཞིང་འབྲོག་མང་ཚོགས་ཀྱི་དུད་ཚང་49ལ་ཕན་པ་ཐོབ་ཡོད། འཇོ་མདའ་རྫོང་ཨུད་ཀྱི“གཞི་རིམ་དུ་སྐྱོད་པ་དང་། དམངས་ཀྱི་འདོད་འདུན་འདྲི་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་། གྲོང་སྡོད་ལས་དོན་རུ་ཁག་གིས“ཉིན་བརྒྱའི་རིང་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པའི་བརྟག་ཞིབ་ཆེན་མོ”བྱེད་རིང་མང་ཚོགས་ཀྱི་འགྲོ་སྐྱོད་དཀའ་བའི་གནད་དོན་མཐིལ་རྟོགས་བྱུང་ནས་གྲོང་ཚོ“ཨུ་ལྷན་གཉིས”དང་མཉམ་དུ་འགྲོ་སྐྱོད་སྟབས་བདེ་རུ་གཏོང་བ་དེ་དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས་ནང་བཅུག་སྟེ། གྲོང་མིའི་ཚོགས་ཆེན་ཐོག་གྲོས་བསྡུར་བྱས་པ་བརྒྱུད་དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པའི་མ་དངུལ་ནས་འགྲོ་སོང་བཏང་སྟེ་སྦག་སྦག་ཉོས་པ་མ་ཟད་འབྲེལ་ཡོད་ཆ་འཕྲིན་བརྒྱུད་རིམ་ཧྲིལ་པོར་ཡོངས་བསྒྲགས་བྱས་ཡོད། དམངས་ཕན་སྦག་སྦག་སྤྲོད་པའི་བྱེད་སྒོར་གྲོང་མི་ཚོས་མིང་རྟགས་བཀོད་དེ་སྦག་སྦག་བླངས་པ་དང་ཆབས་ཅིག་ལས་དོན་རུ་ཁག་གིས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཡོད།

    ད་ཐེངས་ཀྱི་དམངས་ཕན་སྦག་སྦག་སྤྲད་པ་དེས་མང་ཚོགས་ཀྱི་ཐོན་སྐྱེད་དང་འགྲོ་འོང་ལ་མཐུན་རྐྱེན་བསྐྲུན་ནས་མང་ཚོགས་ཀྱི་ལས་ཀའི་ཧུར་སེམས་འཕེལ་བས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།