དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་བརྟན་པོ་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-26


    འདི་ནི་འཁོར་ཁང་ནང་ལས་མིས་རླངས་འཁོར་གྱི་ལྷུ་ལག་སྒྲིག་བཞིན་པ།

    བོད་ལྗོངས་ཁྲེང་ལི་རླངས་འཁོར་བཟོ་སྐྲུན་ཚད་ཡོད་ཀུང་སི་ནི་འཕྱོངས་རྒྱས་རྫོང་གི་2025ལོའི་གཙོ་གནད་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཤིག་རེད་ལ། རང་སྐྱོང་ལྗོངས་ཀྱི་ཆེད་སྤྱོད་རླངས་འཁོར་ཐོན་སྐྱེད་ཁེ་ལས་ཐོག་མ་དེ་རེད། དེའི་དམིགས་ཡུལ་ནི་ཐོན་སྐྱེད་དང་། ཕྱིར་ཚོང་། བཙོངས་རྗེས་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་ཆེད་སྤྱོད་རླངས་འཁོར་གྱི་བཟོ་སྐྲུན་རྟེན་གཞི་ཞིག་བསྐྲུན་ཆེད་རེད། མིག་སྔར་ས་གནས་དེ་གའི་མང་ཚོགས་14ལས་ཀར་བཅུག་པའི་ནང་མཐོ་སློབ་སློབ་ཐོན་སློབ་མ་9ཡོད་པ་དེ་དག་ལ་ཟླ་རེའི་གླ་ཆ་སྒོར་5000ཙམ་ཡོད་པ་དེས་ས་གནས་དེ་གར་འབབ་འཕར་སྒོར་ཁྲི་50ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ཡོད། ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་སྔོན་དཔག་ལྟར་ན་ལས་ཞུགས་ལས་གནས་100ཙམ་མཁོ་འདོན་ཐུབ་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།