པར་རིས་གསར་འགྱུར།

ཉེ་ཆར་ཀག་ན་རུ་ཕྱིར་གཏོང་བྱ་རྒྱུའི་སྤྱི་སྤྱོད་རླངས་འཁོར་དག་ཧྲན་ཏུང་གྲུ་ཁའི་དབྱན་ཐའེ་གྲུ་ཁ་ནས་གྲུ་གཟིངས་ནང་བླུགས་ཡོད། ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་44.81ཟིན་ཏེ་དུས་མཚུངས་ལས་20%འཕར་ཡོད། ད་ལོ་ཚུན་དུ་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་ཅུང་མགྱོགས་པོ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་ཚོང་དོན་གྲུབ་ཆ་རྒྱུན་མཐུད་ལེགས་སུ་སོང་སྟེ་རྒྱལ་སྤྱིའི་ཟོག་འགྲུལ་སྔར་བས་ཤར་གཏོང་ལེགས་པོ་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།