དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་སྲོལ་ཡིག་ལ་སྤྱི་ཚོགས་ནས་བསམ་འཆར་བསྡུ་ལེན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-26

    ཉེ་ཆར། མི་སྤྱི་པུས《སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་སྲོལ་ཡིག(བསམ་འཆར་བསྡུ་ལེན་མ་ཟིན)》བཀྲམ་པ་དང་། ཟླ་11ཚེས་23ཉིན་ནས་ཟླ་12ཚེས་23ཉིན་བར་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་ཀྱི་ཡོད།

    གསར་འགོད་པར་མི་སྤྱི་པུའུ་ནས་ཤེས་རྟོགས་བྱུང་བར། བསམ་འཆར་བསྡུ་ལེན་མ་ཟིན་ནང་གཞི་རྩའི་རྒན་གསོ་འགན་བཅོལ་དང་། ལས་རྨས་འགན་བཅོལ། ལས་ཤོར་འགན་བཅོལ་བཅས་ཀྱི་ཐེབས་རྩའི་བདེ་འཇགས་ལ་དམིགས་ནས་ཐེབས་རྩའི་དོ་དམ་རྩ་དོན་དང་བླང་བྱ་ཁ་གསལ་བཏོན་ཡོད་པ་དང་། ཐེབས་རྩའི་ལྟ་སྐུལ་གྱི་འགན་འཁྲི་དང་། དབང་ཚད། བྱ་ཐབས་བཅས་དང་དེ་བཞིན་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཀྱི་བཅའ་ཁྲིམས་འགན་འཁྲི་གཏན་འབེབས་བྱས་ཡོད། སྲོལ་ཡིག་བཟོ་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་དངོས་ཡོད་དགོས་མཁོ་ཞིག་ཡིན་པས། མགོ་སྐོར་དང་འགན་དངུལ་ཁ་བསླུས་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་བཏང་ནས་མི་དམངས་མང་ཚོགས་ཀྱི“རྒན་གསོའི་དངུལ”དང“སྲོག་སྐྱོབ་དངུལ”སྲུང་སྐྱོབ་ཡག་པོ་བྱ་རྒྱུར་ཕན་ཐོགས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་རིང་། སྤྱི་དམངས་ཀྱིས་མི་སྤྱི་པུའི་དྲ་ཚིགས་སུ་ཞུགས་པ་དང་། ཡི་གེ་བསྐུར་བ། གློག་རྡུལ་སྦྲག་ཡིག་བསྐུར་བ་སོགས་ལ་བརྟེན་ནས་བསམ་འཆར་དང་གྲོས་འགོ་འདོན་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།