ཅང་ཤིས་དབྱི་ཧྥུང་གིས་སྒྲིག་སྒྱུར་ལྟ་སྐུལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱས་པ།

འདི་ནི་ཉེ་ཆར་ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་དབྱི་ཧྥུང་རྫོང་གི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས(གཡོན་གྱི་དང་པོ་དང་། གཡོན་གྱི་གཉིས་པ། གཡོན་གྱི་བདུན་པ)ཁྲེ་ཧྲང་ནགས་རའི་ཞའོ་ཧྲུའེ་གྲོང་ཚོའི་གྲོང་མི་དང་ཅི་འཕྲོས་མོལ་འཕྲོས་བྱས་ནས་གྲོང་མིའི་ཐོན་སྐྱེད་འཚོ་བ་དང་གྲོང་གསེབ་མཉམ་སྡེབ་ཀྱི“མ་དངུལ་གསུམ”གྱི་དོ་དམ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།
ཉེ་བའི་ལོ་ཤས་རིང་། ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་དབྱི་ཧྥུང་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་དམ་པོར་དམིགས་ནས། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱོད་ནས་འཚམས་འདྲི་དང་བཞུགས་མོལ་སྤེལ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད། དེ་གའི་མང་ཚོགས་ཀྱི་སེམས་ནང་གི་སྐད་ཆ་ཉན་པ་དང་མང་ཚོགས་ཀྱི་རེ་ཞུ་བསྡུ་རུབ་བྱས་ཏེ། གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་གནད་འགག་དང་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས། ཞིང་ཕན་སྲིད་ཇུས་དོན་འཁྱོལ་གནད་འཁེལ་མ་བྱུང་བ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བར་སྣང་ཆུང་བྱེད་པ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཁྲོད་ཏང་ཡོན་ལས་བྱེད་པའི་འགན་འཁྲི་སྒྲུབ་ཤུགས་མི་འདང་བ་དང་། ལྟ་སྐུལ་དོ་དམ་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱས་ནས། ལྟ་སྐུལ་ནན་པོར་བརྟེན་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་འགན་སྲུང་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།