དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་བོད་ཀྱི་གསོ་བ་རིག་པའི་ཤེས་བྱའི་མཛོད་རྒྱལ་ཁབ་རིམ་པའི་གསར་གཏོད་དཔེ་མཚོན་ལ་བདམས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-25

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་9ཉིན། 2026ལོའི་རིག་གནས་ཚན་རྩལ་ཐོན་ལས་འཕེལ་རྒྱས་གླེང་སྟེགས་ཧུའུ་ནན་ཁྲང་ཧྲ་རུ་འགོ་ཚུགས་པ་རེད། གླེང་སྟེགས་གཙོ་བོའི་ཐོག་ཚན་རྩལ་ཉིན་རེའི་ཚགས་པར་ཁང་གིས《2026ལོའི་རྒྱལ་ཡོངས་ཀྱི་རིག་གནས་ཚན་རྩལ་མཉམ་འདྲེས་གསར་གཏོད་ཀྱི་དཔེ་མཚོན》ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་བ་རིག་པ་ཞིབ་འཇུག་ཁང་གིས་སྙན་ཞུ་ཕུལ་བའི“བོད་ཀྱི་གསོ་བ་རིག་པའི་ཤེས་བྱའི་མཛོད། མི་རིགས་གསོ་རིག་གི་གནའ་དཔེའི་བློ་གྲོས་ཀྱི་སྒོ་མོ་ཕྱེ་བ”ཞེས་པ་བདམས་ཐོན་བྱུང་བ་རེད། དེ་ནི་རང་རྒྱལ་གྱི་བོད་ཀྱི་གསོ་བ་རིག་པའི་གནའ་དཔེའི་ཆེད་དོན་ཤེས་བྱའི་མཛོད་ཐོག་མ་དེ་ཡིན་པ་དང་། བོད་ཀྱི་གསོ་བ་རིག་པའི་གནའ་དཔེ“ཉར་ཚགས་བྱ་ཡུལ”ནས“བེད་སྤྱོད་ཆོག་པའི་ཤེས་བྱའི་ཐོན་ཁུངས”སུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་མི་རིགས་གསོ་རིག་གི་གནའ་དཔེའི་གྲངས་གཞིའི་ཐོན་ཁུངས་གོ་ཆོད་པའི་ངང་བེད་སྤྱོད་ལ་པར་སློག་རུང་བ་དང་ཁྱབ་གདལ་གཏོང་ཆོག་པའི་ལག་ལེན་གྱི་དཔྱད་གཞི་མཁོ་འདོན་བྱས་ཡོད་པ་རེད།

    ད་ཆ་བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་སྣ་ཁ་5000ལྷག་ཙམ་ཡོད་པ་དེ་དག་ནི་ཀྲུང་ཧྭའི་སྲོལ་རྒྱུན་གསོ་རིག་བང་མཛོད་ནང་གི་ཤིན་ཏུ་རྩ་ཆེ་བའི་ལོ་རྒྱུས་རིག་གནས་ཤུལ་བཞག་ཅིག་ཡིན་པ་དང་། དེའི་ནང་བོད་ཀྱི་གསོ་རིག་མཁས་ཅན་རིམ་བྱོན་གྱི་རིག་གཞུང་གི་བསམ་བློ་དང་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་འདུས་ཡོད། དུས་ཡུན་རིང་པོར་ཚད་ལྡན་ཡིག་ཆ་དེ་དག་ཁ་ཐོར་དང་འཚོལ་བཤེར་སྟབས་བདེ་མེད་པས་ཚད་ལྡན་ཡིག་ཆའི་དབར་གྱི་འབྲེལ་བ་ནུས་ལྡན་ཞིག་མངོན་ཐུབ་ཀྱི་མེད། གནས་ཚུལ་དེར་དམིགས་ཏེ་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་བ་རིག་པ་ཞིབ་འཇུག་ཁང་གིས་བོད་ཀྱི་གསོ་རིག་གི་གནའ་དཔེ་གྲགས་ཅན་1100ལེགས་འདེམས་བྱས་ནས་གྲངས་གཞི་ཅན་དུ་ལས་སྣོན་དང་ཤེས་བྱའི་གསལ་བྱང་གཏན་འཁེལ་བྱས་ཏེ་བོད་ཀྱི་གསོ་བ་རིག་པའི་གནའ་དཔེའི་ཤེས་བྱའི་ཞབས་ཞུའི་ལས་སྟེགས་བསྐྲུན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།