དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས”

    ——ཆི་ལིའི་སན་ཐེ་ཡ་ཀོ་སློབ་ཆེན་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ལས་དོན་ཀྲུའུ་རེན་པེ་ལཱར་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲི་ཡོན་ཧའོ།   |     སྤེལ་དུས།  2026-11-25

    “ཕྱོགས་མང་རིང་ལུགས་ཀྱི་ལས་སྟེགས་གལ་ཆེན་གྲས་ཤིག་ཡིན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་གལ་ཆེའི་རང་བཞིན་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད” ཉེ་ཆར། ཆི་ལིའི་སན་ཐེ་ཡ་ཀོ་སློབ་ཆེན་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ལས་དོན་ཀྲུའུ་རེན་མཱ་སའེ་ལཱ·པེ་ལཱ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “ཧྲེན་ཀྲེན་གྱི་APECཚོགས་འདུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད”ཅེས་བརྗོད།

    “ཀྲུང་གོས་2026ལོར་APECམགྲོན་བདག་རྒྱལ་ཁབ་ཀྱི་འགན་ཁུར་ནས་ལོ་གཅིག་སོང་རིང་། APECཚོགས་འདུ་དང་བྱེད་སྒོ་ཐེངས་321བདེ་བླག་ངང་གཉེར་ཡོད། ཚོགས་འདུ་དང་བྱེད་སྒོ་དེ་དག་གིས་ཚོང་དོན་འགྲོ་འོང་ཟབ་ཏུ་འགྲོ་བར་ཕན་ཐོགས་པ་མ་ཟད་དེ་མཚུངས་ཀྱི་ལམ་ལུགས་དང་། ལག་རྩལ། སྤྱི་ཚོགས་ཀྱི་ཆ་རྐྱེན་བཅས་བསྐྲུན་པར་སྐུལ་མའང་ཐེབས་ཡོད” པེ་ལཱ་ཡིས། མིག་སྔའི་རྒྱལ་སྤྱིའི་དུས་བབ་ཟང་ཟིང་ཆེ་བ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་བའི་གནོན་ཤུགས་ཆེ་བ། གོ་ལ་ཧྲིལ་པོ་ཅན་ལས་ལྡོག་པའི་རྣམ་པ་རྒྱུན་ཆད་མེད་པར་ཐོན་པ་བཅས་ཀྱི་རྒྱབ་ལྗོངས་འོག་ཀྲུང་གོས“སྒོ་དབྱེ་དང་། གསར་གཏོད། མཉམ་ལས” བཅས་ཀྱི་སྔོན་ཐོན་ཁྱབ་ཁོངས་ཆེན་པོ་གསུམ་བཏོན་པར་དངོས་ཡོད་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་པ་སྟེ། སྒོ་དབྱེ་ལས་དཔལ་འབྱོར་གྱི་གོ་སྐབས་མང་དུ་གཏོང་བར་ཕན་ཐོགས་ཡོད་པ་དང་། གསར་གཏོད་ཀྱིས་ལག་རྩལ་གསར་པ་དང་། ཤེས་བྱ་གསར་པ། བྱེད་སྒོ་གསར་པ་བཅས་ནང་འདྲེན་བྱེད་པར་བརྟེན་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐོན་སྐྱེད་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་ཐུབ་པ། མཉམ་ལས་ཀྱིས་དེ་མཚུངས་ཀྱི་ལམ་སྲོལ་འཛུགས་པར་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་ཀུན་ལ་ཕན་པ་ཐོབ་ཐུབ་པའི་ངོས་འཛིན་བྱས་པ་རེད།

    ཀྲུང་གོ་དང་ཆི་ལིའི་རང་མོས་ཚོང་དོན་གྲོས་ཆོད་ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་རྒྱལ་ཁབ་དབར་བཞག་པའི་ཕྱོགས་གཉིས་པོའི་རང་མོས་ཚོང་དོན་གྱི་གྲོས་ཆོད་ཐོག་མ་དེ་ཡིན་པ་དང་། 2026ལོའི་ཟླ་10པར་དངོས་སུ་གོ་ཆོད་ཡོད། ལོ་ངོ་20ཡི་རིང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་དང་ཚོང་ལས་འབྲེལ་བ་རྒྱུན་མཐུད་ཟབ་ཏུ་ཕྱིན་ནས། ཁྱབ་ཁོངས་དེ་བས་མང་བའི་མཉམ་ལས་རིམ་བཞིན་རྒྱ་ཆེར་འགྲོ་བར་ཆ་རྐྱེན་བསྐྲུན་ཡོད། པེ་ལཱ་ཡིས། ད་རེས་ཀྱི་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི《ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་ཧྲེན་ཀྲེན་གྱི་རྒྱང་ལྟ》ཡིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྒོ་དབྱེའི་ས་ཁོངས་རིང་ལུགས་ཀྱི་འདུ་ཤེས་དར་སྤེལ་བཏང་ནས་APECཡི་ཁོངས་མི་ཁ་ཕྱོགས་གཅིག་ཏུ་བསྐྱོད་པར་སྐུལ་འདེད་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རང་མོས་ཚོང་དོན་ཁུལ་ཡང་བསྐྱར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་གི་ཡོད་པའི་ངོས་འཛིན་བྱས་པ་རེད།

    “ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རང་མོས་ཚོང་དོན་ཁུལ་ནི་དཔལ་འབྱོར་གཞི་གཅིག་ཅན་གྱི་གྲོས་འགོ་གལ་ཆེན་གྱི་གྲས་ཤིག་རེད”པེ་ལཱ་ཡིས། བཀོད་སྒྲིག་དེས་སྒོ་ཁྲལ་དམའ་རུ་གཏོང་བ་དང་། དཔལ་འབྱོར་སྒྲིག་གཞིའི་དབར་གྱི་ཚོང་དོན་འགྲོ་འོང་ལ་སྟབས་བདེ་སྐྲུན་པ། མཉམ་ལས་ཀྱི་སྒྲོམ་གཞི་སྐྲུན་པ། སྒྲིག་སྲོལ་སིལ་ཧྲུག་ཅན་ཉུང་དུ་གཏོང་བ། ས་ཁོངས་ཀྱི་མཁོ་སྤྲོད་འཁོར་འབྲེལ་སྟོབས་ཆེར་གཏོང་བ་བཅས་ལ་ཕན་པ་ཐོབ་ནས་འཕེལ་རྒྱས་ཀྱི་ཆུ་ཚད་མི་འདྲ་བའི་དཔལ་འབྱོར་སྒྲིག་གཞིར་ས་ཁོངས་དཔལ་འབྱོར་ནང་ཞུགས་པའི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུ་རེད་ཅེས་བརྗོད། པེ་ལཱ་ཡིས། ཀྲུང་གོས་ཚོང་དོན་གྲངས་འཛིན་ཅན་ཐད་ལ་འབད་བརྩོན་བྱས་པར་དོ་སྣང་བྱེད་རིན་ཆེན་པོ་ཡོད། འབྲེལ་ཡོད་བྱེད་ཐབས་ཀྱིས་ཚོང་དོན་གྱི་མ་གནས་དམའ་རུ་གཏོང་བ་དང་འགག་སྒོའི་གོ་རིམ་སྟབས་བདེ་རུ་གཏོང་བར་ཕན་ཐོགས་ནས་ཚོང་དོན་གྱི་ལས་ཕྱོད་ཆེ་རུ་གཏོང་ཐུབ་པའི་ངོས་འཛིན་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། པེ་ལཱ་ཀྲུང་གོར་རིག་གཞུང་སྤེལ་རེས་བྱེད་སྒོར་ཐེངས་མང་ཞུགས་ཡོད། པེ་ལཱ་ཡིས། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་བཏང་ཚེ་APECཡི་དཔལ་འབྱོར་སྒྲིག་གཞི་ཁག་གི་མཉམ་ལས་སྔར་བས་ཟབ་ཏུ་འགྲོ་བར་ཕན་ཐོགས་ཡོད། “མི་རྣམས་ཀྱིས་ཕན་ཚུན་དབར་གྱི་རིག་གནས་ལ་སྔར་བས་རྒྱུས་ལོན་དང་ཤེས་བྱ་མཉམ་སྤྱོད་དང་ཆབས་ཅིག ཡིད་ཆེས་ཀྱང་ཆེ་རུ་འགྲོ་སྐབས། རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བར་རྨང་གཞི་ཟབ་མོ་ལྡན་ཐུབ”ཅེས་བརྗོད། པེ་ལཱ་ཡིས་APECཡི་དཔལ་འབྱོར་སྒྲིག་གཞི་ཁག་གིས་ཚན་ཞིབ་མཉམ་ལས་དང་། སྐད་ཡིག་དང་རིག་གནས་གསོ་སྦྱོང་། གཞོན་ནུའི་དབར་འཚམས་འདྲི་བྱེད་རེས། ཤེས་བྱ་མཉམ་སྤྱོད་ཀྱི་ལས་སྟེགས་སྐྲུན་པ་སོགས་ཀྱི་རྣམ་གྲངས་ལ་མུ་མཐུད་སྐུལ་འདེད་གཏོང་བའི་རེ་སྒུག་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།