དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་འགྲེམས་ཚོགས“ཨ་ཧྥེ་རི་ཁར་སྤེལ”ཞེས་པའི་ལྷོ་ཨ་ཧྥེ་རི་ཁའི་ཆེད་དོན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-25

    ཉེ་ཆར། ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་དྲུང་ཡིག་ཁྲུའུ་དང་ལྷོ་ཨ་ཧྥེ་རི་ཁའི་ཚོང་དོན་དང་། བཟོ་ལས་དང་འགྲན་རྩོད་བཅས་པུས་མཉམ་དུ་གཙོ་གཉེར་བྱས་པའི་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་འགྲེམས་ཚོགས“ཨ་ཧྥེ་རི་ཁར་སྤེལ”ཞེས་པའི་ལྷོ་ཨ་ཧྥེ་རི་ཁའི་ཆེད་དོན་བྱེད་སྒོ་གཡོད་ཧན་ནེ་སི་པའོ་རུ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་ཚོང་དོན་ལས་རིགས་ཀྱི་འཐུས་མིས་སྒྲིག་ཆས་བཟོ་སྐྲུན་དང་། ལྗང་མདོག་ནུས་རྒྱུ། ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་སོགས་ཁྱབ་ཁོངས་ལ་དམིགས་ནས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ངོ་སྤྲོད་དང་། འགྲེམས་སྟོན། ངོ་འཕྲད་གྲོས་མོལ་འབྲེལ་མཐུད་བཅས་བྱས་ཡོད། དེ་ནི་ཀྲུང་གོས་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་53ལ་སྒོ་ཁྲལ་མེད་པའི་བྱ་ཐབས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྗེས། ཧུའུ་ནན་ཞིང་ཆེན་གྱིས་ལྷོ་ཨ་ཧྥེ་རི་ཁར་སྤེལ་བའི་རྒྱལ་ཕྱིའི་དཔལ་འབྱོར་ཚོང་དོན་བྱེད་སྒོ་ཆེ་གྲས་ཐོག་མ་དེ་རེད།

    ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཕེང་གིས་བྱེད་སྒོ་འགོ་ཚུགས་པའི་ཤིས་ཚིག་སྒྲོན་སྐབས། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བཟོ་ལས་ཅན་ལ་རྒྱབ་སྐྱོར་བྱས་ནས་ནང་འདྲེན་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་བས། ད་ལོའི་ཟླ་5པ་ནས་9པའི་བར་ལྷོ་ཨ་ཧྥེ་རི་ཁས་ཀྲུང་གོར་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱེད་ཁྱོན་འཕར་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ལྷོ་ཨ་ཧྥེ་རི་ཁར་མ་འཇོག་ལས་དར་བྱས་ནས་ལྷོ་ཨ་ཧྥེ་རི་ཁའི་ཐོན་ལས་ཕྱོགས་སྒྱུར་ལ་སྒུལ་ནུས་གསར་པ་སྣོན་པར་དགའ་བསུ་ཞུ་གི་ཡིན་ཞེས་བརྗོད།

    ལྷོ་ཨ་ཧྥེ་རི་ཁའི་ཚོང་དོན་དང་། བཟོ་ལས་དང་འགྲན་རྩོད་བཅས་པུའི་པུའུ་ཀྲང་གཞོན་པ་གཡོད་ཧན·སི་ཐིང་ཧེ་སེན་གྱིས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་པོ་ནི་ཚོང་དོན་རོགས་ཟླ་གལ་ཆེན་ཞིག་ཡིན་པས། ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་དེ་བས་སྣ་མང་དང་གཉིས་ཁེ་གཉིས་ཕན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གྲུབ་འབྲས་སུ་འགྱུར་བའི་རེ་བ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།