ཧྲན་ཏུང་ཕེང་ལའེ་ནས་རོ་མ་ནི་ཡར་རྒྱལ་ཐོན་རླུང་གློག་སྒྲིག་ཆས་ཕྱིར་གཏོང་བྱས་པ།

ཉེ་ཆར། རོ་མ་ནི་ཡར་ཕྱིར་གཏོང་བྱེད་པའི་རྒྱལ་ཐོན་རླུང་གློག་སྒྲིག་ཆས་དང་གློག་ཤུགས་ཀྱི་མ་དཔེ་ཆ་ཚང་7ཧྲན་ཏུང་ཡན་ཐའེ་ཕེང་ལའེ་གྲུ་ཁའི་ཁུལ་དུ་གྲུ་གཟིངས་ནང་བླུགས་ནས་དབོར་འགོ་ཚུགས་པ་རེད། ད་ལོ་ཚུན་དུ། ཡན་ཐའེ་གྲུ་ཁས་ཡོ་རོབ་ལ་རྒྱལ་ཐོན་རླུང་གློག་སྒྲིག་ཆས་ཆ་ཚང་98དབོར་འདྲེན་བྱས་པ་དེས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་རྒྱལ་ནང་གི་ལྗང་མདོག་ནུས་རྒྱུའི་སྒྲིག་ཆས་ཁེ་ལས་ཡོ་རོབ་ཁྲོམ་རར་རྒྱ་སྐྱེད་གཏོང་ཆེད་མཚོ་ཐོག་གི་སྐྱེལ་འདྲེན་བགྲོད་ལམ་ཤར་གཏོང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།