ཟླ་དང་པོ་ནས་བཅུ་པའི་བར་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་6773བཏང་བ།
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་6773བཏང་བ་དེ་དུས་མཚུངས་ལས་0.9%འཕར་ནས་ལྕགས་ལམ་མ་འཇོག་གི་སྐུལ་ཁྲིད་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་ཡོད།
ཟླ་10པ་ནས་བཟུང་། གཙོ་གནད་ལས་གྲྭའི་རྣམ་གྲངས་ཁག་གཅིག་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཞིང་། ཐེན་ཧྥུའུ་ཁུལ་གསར་ནས་ཕུའུ་ཅང་བར་གྱི་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་སྟེ་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་དང་། ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལྕགས་ལམ་དང་། ཁྲེང་ཏུའུ་ནས་ཙི་ཀུང་བར་དང་དེ་ནས་དབྱི་པིན་བར་གྱི་མྱུར་བགྲོད་ལྕགས་ལམ་སྦྲེལ་མཐུད་ཐུབ་པ། གཡག་རྔ་འབབ་ཚུགས་ནས་ཐེན་ཧྥུའུ་གནམ་ཐང་འབབ་ཚུགས་བར་མགྱོགས་ཤོས་ལ་སྐར་མ་80ཡི་ནང་འབྱོར་ཐུབ་ཀྱི་ཡོད། ཧོའེ་པེ་ནས་སུའུ་ཀྲོའུ་དང་དེ་ནས་པེང་པུའུ་བར་གྱི་གྲོང་ཁྱེར་དབར་གྱི་ལྕགས་ལམ་དང་། ཧྥུའུ་དབྱང་ནས་མོང་ཁྲེང་དང་དེ་ནས་སུའུ་ཀྲོའུ(ཧོའེ་པེ)བར་གྱི་ལྕགས་ལམ། ཁྲའོ་ཧུའུ་ནས་མཱ་ཨན་ཧྲན་བར་གྱི་གྲོང་ཁྱེར་དབར་གྱི་ལྕགས་ལམ་བཅས་ཚོད་ལྟའི་འཁོར་སྐྱོད་བྱེད་འགོ་ཚུགས་པ། ཁྲུང་ཆིང་ནས་དབན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་དབྱིན་ཁྲོན་ནས་པཱ་ཡན་ཧའོ་ཐེ་བར་གྱི་ལྕགས་ལམ་མཉམ་འབྲེལ་སྙོམས་སྒྲིག་ཚོད་ལྟ་བྱེད་འགོ་ཚུགས་པ། ཁྲུང་ཁུན་མྱུར་བགྲོད་ལྕགས་ལམ་དབྱི་པིན་ནས་ཁུན་མིང་དུམ་བུ་ལྷོ་མའི་བར་གྱི་ལྕགས་ལམ་བཏིང་བ། ཁྲེང་ཏུའུ་ནས་ཏ་ཀྲོའུ་དང་དེ་ནས་དབན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། ལན་ཀྲོའུ་ནས་ཀྲང་ཡེ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཝུའུ་ཝུའེ་ནས་ཀྲང་ཡེ་བར་གྱི་དུམ་བུ། ནན་ཐུང་ནས་ཉིང་པོ་བར་གྱི་མྱུར་བགྲོད་ལྕགས་ལམ་བཅས་གཅིག་རྗེས་གཉིས་མཐུད་ངང་ལྕགས་ལམ་འདིང་བའི་དུས་མཚམས་སུ་སླེབས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།