དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཐོན་ཡུལ་སྐོར་མཚོ་གྲུ་ཆེ་གྲས་གཉིས་པའི་ཚོང་ལས་འགྲུལ་བཞུད་ཐོག་མ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-25

    ཟླ་11ཚེས་22ཉིན། རྒྱལ་ཐོན་ཡུལ་སྐོར་མཚོ་གྲུ་ཆེ་གྲས་གཉིས་པ“ཨའེ་ཏཱ·ཀོང་ཀྲོའུ་རྟགས་ཅན”ནང་འགྲུལ་པ་3800ལྷག་ཙམ་བླུགས་ནས་ཀོང་ཏུང་ཀོང་ཀྲོའུ་ནན་ཧྲ་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་གྲུ་ཁ་ཨ་མ་ནས་ཀྲུང་གོའི་ཤང་ཀང་དང་ཝེ་ཐེ་ནམ་གྱི་ཧྲུན་ཧྭར་སྐྱོད་པ་དང་། དུས་ཡུན་ཉིན་དྲུག་དང་མཚན་ལྔ་ཡི་ཚོང་ལས་འགྲུལ་བཞུད་ཐོག་མ་འདིའི་ཐོག་ནས་རྒྱལ་ཐོན་ཡུལ་སྐོར་མཚོ་གྲུ་ཆེ་གྲས་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་ཕྱོགས་སུ་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་གྱི་ཡོད། 2027ལོར། “ཨའེ་ཏཱ·ཀོང་ཀྲོའུ་རྟགས་ཅན”ཀོང་ཀྲོའུ་གྲུ་ཁ་ཨ་མར་བྱས་ནས་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་གྲུ་ཐེངས་50ལྷག་ཙམ་གཉེར་སྐྱོང་བྱ་རྒྱུ་ཡིན་པ་དེ་དག་ནང་ལམ་ཐག་ཐུང་ངུའི་སྤྲོ་གསེང་དང་ལམ་ཐག་འབྲིང་རིང་གི་འཚོལ་ཞིབ་གཉིས་ཚུད་ཡོད་པ་རེད།

    འདི་ནི“ཨའེ་ཏཱ·ཀོང་ཀྲོའུ་རྟགས་ཅན”གྱི་ཡུལ་སྐོར་མཚོ་གྲུ་ཀོང་ཀྲོའུ་ནན་ཧྲ་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་གྲུ་ཁ་ཨ་མ་ནས་ཐོན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།