རང་རྒྱལ་གྱི་བྱང་སྐར་སྤུན་བདུན་གྱི་མཐའ་སྣེའི་སྒྲིག་ཆས་སྤྱོད་ཐེངས་ཁྲི་4200ཙམ་ཟིན་པ།
ཉེ་ཆར། ཀྲུང་གོ་སྲུང་སྐར་ཕྱོགས་སྟོན་ངེས་གནས་མཐུན་ཚོགས་ཀྱིས《2026ལོའི་ཀྲུང་གོའི་བྱང་སྐར་སྤུན་བདུན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་སྟོན་གྲངས་སྙན་ཞུ》འགྲེམས་བསྒྲགས་བྱས་པ་རེད། སྙན་ཞུ་ལས་མངོན་པར། ད་ལོའི་ལོ་སྟོད་བར། རང་རྒྱལ་གྱི་བྱང་སྐར་སྤུན་བདུན་གྱི་མཐའ་སྣེའི་སྒྲིག་ཆས་སྣ་ཚོགས(འཛད་སྤྱོད་རིགས་ཀྱི་གློག་རྡུལ་ཚུད་མེད་པ)སྤྱོད་ཐེངས་ཁྲི་4200ཙམ་ཟིན་པ་དེ་དུས་མཚུངས་ལས་27%འཕར་བ་དང་། བྱང་སྐར་སྤུན་བདུན་གྱི་ཕྱོགས་བསྡུས་སྤྱོད་ཚད་90%ལྷག་ཙམ་ཟིན་ཡོད། དེའི་ནང་གཙོ་གནད་ལས་རིགས་14ཡི་ཁྱབ་ཁོངས་ཀྱི་བྱང་སྐར་སྤུན་བདུན་གྱི་མཐའ་སྣེའི་སྒྲིག་ཆས་སྤྱོད་ཐེངས་ཁྲི་3800ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་26%ལྷག་ཙམ་འཕར་ཡོད།
སྙན་ཞུ་ལས་མངོན་པར། སྤྱི་མང་འཛད་སྤྱོད་ཁྱབ་ཁོངས་སུ་བྱང་སྐར་སྤུན་བདུན་སྤྱོད་ཚད་རྒྱུན་མཐུད་མང་དུ་ཕྱིན་ཞིང་། ད་ལོའི་ལོ་སྟོད་དུ་རྒྱལ་ནང་གི་རིག་ནུས་ལག་ཐོགས་ཁ་པར་འཚོང་ཚད་དུང་ཕྱུར་1.24ཟིན་པར་བྱང་སྐར་སྤུན་བདུན་གྱི་ངེས་གནས་ལ་རྒྱབ་སྐྱོར་བྱེད་ཚད་98%ལས་བརྒལ་ཡོད་པ་དང་། རྒྱལ་ནང་གི་བྱང་སྐར་སྤུན་བདུན་གྱི་མཐའ་སྣེ་བསྒར་བའི་འགྲུལ་སྤྱོད་རླངས་འཁོར་འཚོང་ཚད་ཁྲི་1000ཙམ་ཟིན་པ། བྱང་སྐར་སྤུན་བདུན་གྱི་དྲ་རྒྱའི་རོགས་འདེགས་ཀྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་སུ་ཉིན་རེར་ཆ་སྙོམས་འཛད་སྤྱོད་པ་དུང་ཕྱུར་1ལྷག་ཙམ་ཟིན་པ། བྱང་སྐར་སྤུན་བདུན་ངེས་གནས་ཀྱི་བྱེད་ནུས་ལྡན་པའི་གློག་སྒུལ་རྐང་འཁོར་འཚོང་ཚད་ཁྲི་2600ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།