དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-25

    ཚན་རྩལ་ཞིང་དར།

    ཧྲན་ཏུང་ལུའུ་ཧྭ་མ་རྐང་ཚོད་འཛིན་ཚོགས་པས་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་ནས་བ་དམ་སྣུམ་ལས་སྣོན་གྱི་ཞོར་ཐོན་དངོས་རྫས་སྤྲི་དཀར་ཐིད་ལུད་དུ་བསྒྱུར་ནས་ཞིང་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་རམ་འདེགས་བྱས་ཤིང་། འདི་ནི་ལས་དོན་པས་བ་དམ་གྱི་འབའ་སྙིགས་ལ་ཞིབ་དཔྱད་ཚད་ལེན་བྱེད་བཞིན་པ།

    མི་ཐབས་རིག་ནུས་ལག་རྩལ་དང་རིག་ལྡན“ཞིང་ཆས་གསར་པར”བརྟེན་ནས་ཞིང་ལས་ཐོན་སྐྱེད་ལ་རམ་འདེགས་བྱས་ཤིང་། འདི་ནི་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ཀྲུང་ཡོན་གཞན་གྲུབ་མི་གཟུགས་འཕྲུལ་མིའི་4Sཚོང་ཁང་དུ་ལས་དོན་པས་ཞིང་ལས་འཕྲུལ་མིར་སྦྱོང་བརྡར་བྱེད་བཞིན་པ།

    ཐོན་ལས་ཞིང་སྐྱོར།

    ཧྲན་ཤིས་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་དབན་རུང་རྫོང་ཧན་ཞུའེ་གྲོང་རྡལ་གྱིས་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་ལ་བརྟེན་ནས་ཤིང་ཏོག་ཨ་མྲའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི་ཁྱད་ལྡན་ཐོན་ལས་ཤིག་ཏུ་འགྱུར་བར་བྱས་ཤིང་། འདི་ནི་བཟོ་པ་ཚོས་ཤིང་ཏོག་ཨ་མྲ་འདེགས་སྐམ་གཏོང་བཞིན་པ།

    པེ་ཅིང་གྲོང་ཁྱེར་ཕིང་ཀུའུ་ཆུས་ཡུས་ཙི་ཧྲན་གྲོང་ཚོའི་ཡུལ་མི་ཁྲེན་ཡ་ཤིན་གྱིས་རང་ཁྱིམ་གྱི་ཤིང་འབྲས་ལྡུམ་རར་བརྙན་ལམ་བརྒྱུད་ཤིང་འབྲས་ཐད་ཚོང་བྱེད་བཞིན་པ།

    སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་གྱིས་ཆང་སྙོལ་ཆེད་སྤྱོད་འབྲུ་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་བཟོ་ལས་ལ་བརྟེན་ནས་ཞིང་ལས་ལ་རམ་འདེགས་བྱས་ཤིང་། འདི་ནི་ཝུའུ་ལེང་ཡེའི་ཆེད་སྤྱོད་འབྲུ་རིགས་རྟེན་གཞིས་མངགས་ཐོ་བཟོས་ནས་ཞིང་ལས་དེང་རབས་ཅན་ལ་རམ་འདེགས་བྱེད་བཞིན་པ།

    དངུལ་རྩས་ཞིང་དར།

    ཀོང་ཏུང་ཞིང་ཆེན་ཧུད་ཀྲོའུ་གྲོང་ཁྱེར་གྱི་དངུལ་རྩའི་ལས་རིགས་ཀྱི་ལས་དོན་པས་རྒྱ་མཚོའི་གསོ་ཚགས་ར་བར་དྲ་སྒམ་གྱི་གནོད་སྐྱོན་ཕོག་ཚུལ་ལ་ལྟ་ཞིབ་བྱས་ནས་འགན་བཅོལ་ཞབས་ཞུར་སྟབས་བདེ་སྐྲུན་པ།

    ལེའོ་ཉིང་ཞིང་ཆེན་ཐེ་ལིང་གྲོང་ཁྱེར་ཤིན་ཐའེ་ཙི་གྲོང་རྡལ་ཤིས་སན་ཅ་ཙེ་གྲོང་ཚོའི་ཚད་གཞི་མཐོ་བའི་ཞིང་ནང་གི་ཆུ་འབྲས་བརྔ་འགོ་ཚུགས་ནས་དེང་རབས་ཅན་གྱི་ཞིང་འཕྲུལ་གྱི་ལས་ཕྱོད་ཆེན་པོ་དང་ཚན་རྩལ་ལ་བརྟེན་ནས་ཞིང་པར་འབབ་འཕར་ཡོང་བ་དང་འབྲུ་རིགས་ལ་ལོ་ལེགས་ཡོང་བར་རམ་འདེགས་བྱེད་པ།

    ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་གྱིས་སྣ་མང་ཅན་གྱི་མཚོ་ཆུའི་གསོ་སྤེལ་བྱེད་སྟངས་བཏོད་དེ་རྒྱ་མཚོའི་ཉ་ལས་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། འདི་ནི་ཀྲུང་གོ་ཞིང་ལས་དངུལ་ཁང་ཞབས་ཞུ་ཚོགས་པས་གྲོང་ཁྱེར་དེའི་ཏུང་ཧྲན་རྫོང་ཏ་ཕིང་ཡུས་མཚོ་ཁོངས་སུ་རྒྱ་མཚོའི་ཐོན་རྫས་སྐྱེ་འཕེལ་ལ་བལྟ་བཞིན་པ།

    ཧྲའན་ཤིས་ཞིང་ཆེན་པའོ་ཅི་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འབྲུ་རིགས་ཐོན་སྐྱེད་རྟེན་གཞི་བསྐྲུན་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཤིང་། འདི་ནི་ཞི་ཧྥུང་ཚོགས་པའི་མ་བཅོས་འབྲུ་རིགས་རྟེན་གཞིའི་རིག་ལྡན་ཞིང་འཕྲུལ་གྱིས་ཁྲེ་རྒོད་བསྡུ་བཞིན་པ།

    ཞིང་ལས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གཞི་རྩའི་བླང་བྱ་ནི་ཞིང་ལས་དེང་རབས་ཅན་མངོན་འགྱུར་བྱེད་རྒྱུ་དེ་ཡིན། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་དུ“དེང་རབས་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས”ཞེས་བཏོན་ཡོད། 《ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་མགྱོགས་སུ་གཏོང་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ནང་དུ་2030ལོར་སླེབས་སྐབས་ཞིང་ལས་དེ་ཉིད་དེང་རབས་ཅན་གྱི་ཐོན་ལས་ཆེ་མོར་སྐྲུན་པར་འཕེལ་རྒྱས་ཆེན་པོ་ཡོང་བ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

    ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཞིང་ལས་དེང་རབས་ཅན་བསྐྲུན་རྒྱུ་དེ་མུ་མཐུད་སྐས་རིམ་གསར་པར་སླེབས་བཞིན་ཡོད།

    མཁོ་སྤྲོད་ལ་བལྟས་ན། འབྲུ་རིགས་ཐོན་འབོར་ལོ་གཉིས་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.4ལྷག་ཙམ་ཟིན་པ་དང་། ས་གནས་ཁག་གིས་ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་བཙུགས་པ་དང་ལག་བསྟར་བྱས་པས། ཀྲུང་གོ་བ་དུང་ཕྱུར་14ཡི་ལྟོ་ཕོར་དེ་བས་བརྟན་ལ་གསོལ་ལྕོག་ཐོག་གི་བཟའ་བཅའི་སྣ་ཁ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།

    སྒུལ་ཤུགས་ལ་བལྟས་ན། རང་རྒྱལ་གྱི་ཞིང་ལས་ཚན་རྩལ་སྤྱི་ཡོངས་ཀྱི་ཆུ་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་ན་ནིང་ཞིང་ལས་ཚན་རྩལ་ཡར་ཐོན་ཐད་ལེགས་སྐྱེས་འབུལ་ཚད་64%ལྷག་ཙམ་ཟིན་ཡོད། སོན་གསོ་དང་ཐོན་སྐྱེད་ནས་བྲིན་ཚོང་བར་རིག་ལྡན་ཞིང་ལས་བཀོལ་སྤྱོད་ཀྱི་རྣམ་པའི་འཁོར་སྦྲེལ་ཧྲིལ་པོ་རྒྱ་སྐྱེད་ཕྱིན་ནས་ཞིང་ལས་ཀྱི་སྤུས་ཚད་ཕན་འབྲས་དང་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    མ་འཇོག་ལ་བལྟས་ན། 2021ལོ་ནས་2025ལོ་བར། རྒྱལ་ཡོངས་ཀྱི་ཐོན་ལས་དང་པོར་མ་འཇོག་བྱེད་ཚད་ལོ་རེར་ཆ་སྙོམས་2.8%འཕར་ཡོད། ནོར་སྲིད་ཀྱིས་སྔོན་ལ་འགན་ལེན་དང་། དངུལ་རྩས་གཙོ་གནད་གཟིགས་སྐྱོང་། སྤྱི་ཚོགས་ཧུར་ཐག་ཞུགས་པ་བཅས་ཀྱི་སྣ་མང་མ་འཇོག་གི་བཀོད་པ་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་པ་བརྒྱུད་ཞིང་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཉིན་བཞིན་བརྟན་དུ་སོང་ཡོད།

    རྒྱལ་ཁབ་སྟོབས་ཆེར་གཏོང་དགོས་ན་ངེས་པར་དུ་སྔོན་ལ་ཞིང་ལས་སྟོབས་ཆེར་གཏོང་དགོས་པ་དང་། ཞིང་ལས་སྟོབས་ཆེར་ཕྱིན་ཚེ་ད་གཟོད་རྒྱལ་ཁབ་སྟོབས་ཆེར་འགྲོ་ཐུབ། ཞིང་ལས་དང་གྲོང་གསེབ་གང་མགྱོགས་དེང་རབས་ཅན་ལ་འགྱུར་བར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་དེ་བས་ལེགས་པའི་སྐུལ་འདེད་བཏང་ཡོད་ལ། མཛེས་སྡུག་ལྡན་པའི་འཆར་གཞི་ཡང་བཀོད་ཟིན། “ལོ་ལྔ་ཚན་བཅོ་ལྔ་པར”འབད་འབུངས་བྱས་ནས་ལེགས་ཆའི་རྨང་གཞི་བརྟན་དུ་བཏང་ཚེ་ཞིང་ལས་སྟོབས་ཆེན་རྒྱལ་ཁབ་ཀྱི་དམིགས་ཚད་ང་ཚོ་དང་ཇེ་ཉེར་འགྲོ་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།