དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཞིང་ལས་ཐོན་རྫས་ཚོང་འདུས་སྐབས་ཉེར་གསུམ་པར་མཚོ་སྔོན་གྱི་འགྲེམས་ཞུགས་ཚོགས་པས་འདོད་མཐུན་གན་རྒྱ་འཇོག་ཚད་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-24

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཚོང་འདུས་སྐབས་ཉེར་གསུམ་པ་ཀྲེ་ཅང་ཧང་ཀྲོའུ་རུ་འཚོགས་ཤིང་། མཚོ་སྔོན་གྱིས་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་རྩེ་གྲ་52སྒྲིག་འཛུགས་ཞིབ་ཚགས་དང་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སྣ་ཁ་300ལྷག་ཙམ་གཅིག་སྡུད་འགྲེམས་སྟོན་བྱས་ཏེ། ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་བསྟན་པ་དང་ས་ཁོངས་སྒྲོལ་བའི་ཐོན་ཚོང་སྦྲེལ་མཐུད་ཟབ་ཏུ་བཏང་བར་ཕན་འབྲས་བཟང་པོ་ཐོན་ཡོད། འགྲེམས་ཚོགས་མཇུག་འགྲིལ་བའི་བར། མཚོ་སྔོན་གྱི་འགྲེམས་ཞུགས་ཚོགས་པས་རིམ་རྩིས་བརྒྱབ་ན་ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་406.61ཟིན་པ་དེའི་ནང་ས་ཡུལ་དངོས་སུ་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་202.51ཟིན་པ་དང་དྲ་ཐོག་ནས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་204.1ཟིན་ཡོད། འདོད་མཐུན་གན་རྒྱ་བཞག་པར་སྒོར་དུང་ཕྱུར་2.03ཟིན་པ་དེ་ཉེ་བའི་ལོ་ཤས་རིང་གི་འགྲེམས་ཚོགས་དེ་རིགས་ནང་མཚོ་སྔོན་ཞིང་ཆེན་ཞུགས་པའི་ཟིན་ཐོ་གསར་པ་བཏོད་ཡོད།

    ད་ཐེངས་ཀྱི་འགྲེམས་སྟོན་ལ་ཞུགས་པ་དེ་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་སྤྱི་འདོམས་སྐུལ་འདེད་བཏང་ནས་ཚན་རིག་དང་མཐུན་པའི་འགྲེམས་སྟོན་ཁུལ་ཆེན་པོ་ལྔ་བཀོད་སྒྲིག་བྱས་ཤིང་། སྨི་ངོས་གྲུ་260ཟིན་པའི་ཕྱོགས་བསྡུས་འགྲེམས་སྟོན་ཁུལ་དང་སྨི་ངོས་གྲུ་108ཟིན་པའི་ལྗང་མདོག་སྐྱེ་ལྡན་གྱི་གནས་རྟགས་ཞིང་ལས་ཐོན་རྫས་འགྲེམས་སྟོན་ཁུལ་གཅིག་གྱུར་ཐོག་བསྐྲུན་ནས། ཚབ་མཚོན་རང་བཞིན་གྱི་ཁེ་ལས་28དང་12སོ་སོར་འདེམས་སྒྲུག་བྱས་ཏེ་དེར་བཅའ་སྡོད་བྱས་ཡོད། དེ་དང་དུས་མཚུངས་ས་རྒོད་གསར་སྦོལ་དང་། མཚོ་འགག་ངོགས་གཉིས་ཀྱི་དེང་རབས་ཞིང་ལས་དང་དེ་བཞིན་རོགས་སྐྱོར་ཐོན་ལས་ཀྱི་ཆེད་དོན་འགྲེམས་ཁུལ་ནང་ཁེ་ལས་12ཞུགས་པར་སྒྲིག་འཛུགས་བྱས་ཏེ་རིམ་པ་མང་བ་དང་ཁྱོན་ཡོངས་ལ་ཁྱབ་པའི་འགྲེམས་ཞུགས་བཀོད་པ་ཞིག་ཆགས་པར་བྱས་ཡོད། ཕྱོགས་བསྡུས་འགྲེམས་སྟོན་ཁུལ་དུ་ཐོན་རྫས་འགྲེམས་སྟོན་དང་། མྱོང་དཔྱད་ཉམས་ལེན། ཐད་གཏོང་འོས་སྦྱོར་བཅས་ནུས་པའི་ས་ཁོངས་གསུམ་བཀོད་སྒྲིག་བྱས་པ་དང་། ཁྱད་ལྡན་བརྗོད་དོན་གཙོ་བོའི་མཛེས་ལྗོངས་ཁུལ་དུ་འབྲི་གཡག་དང་། ཡུལ་ལུག ནས། གྲང་ཆུའི་ཉ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཆེན་པོ་བཅུའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།

    འགྲེམས་ཚོགས་རིང་། མཚོ་སྔོན་གྱིས“དག་ཞིང་མཚོ་སྔོན། ས་མཐོའི་སྤུས་ལེགས་ཐོན་རྫས”ཀྱི་ཆེད་དོན་འོས་སྦྱོར་བྱེད་སྒོ་སྤེལ་བ་དང་། “ཚྭ་འདམ་གཤོང་སའི་འདྲེ་ཚེར་མ”དང“མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”གྱི་སྤུས་རྟགས་ལ་བདག་དབང་སྤྲོད་པའི་མཛད་སྒོ་འཚོགས་ནས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་སྒོ་རྩིས་ཚོང་ཁང་དང་། བཟའ་བཏུང་། དྲ་ཚོང་བཅས་རིགས་ཀྱི་ཉོ་སྒྲུབ་ཚོང་པ་80གདན་དྲངས་ནས་ས་ཡུལ་དངོས་སུ་ངོ་འཕྲད་གྲོས་མོལ་དང་འབྲེལ་མཐུད་བྱས་པ་རེད། “མདོ་ལའི་ཡུལ་ལུག”དེ་ཞིང་ལས་ཉོ་ཚོང་ཚོང་འདུས་ཀྱི་རྒྱལ་ཡོངས་ཀྱི་སྤུས་རྟགས་འགྲེམས་སྟོན་གྲས་སུ་ཚུད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འགྲེམས་ཞུགས་བྱེད་པོ“ཞིང་ལས་སྟོབས་ཆེའི་གླེང་སྟེགས”དང་ངོགས་གཉིས་ཀྱི་ཞིང་ལས་ཀྱི་དངོས་རྫས་ཡག་པོ་འཚོང་རེས་སོགས་ཀྱི་གཙོ་གནད་བྱེད་སྒོའི་ནང་དུས་གཅིག་ཏུ་ཞུགས་པ་རེད། ཀྲེ་ཅང་གི་མཚོ་སྐྱོར་རོགས་ལས་ལམ་སྲོལ་ལ་བརྟེན་ནས་མཚོ་སྔོན་དང་ཀྲེ་ཅང་ས་གནས་གཉིས་ཀྱི་ཁེ་ལས་དབར་སྤེལ་རེས་སྦྲེལ་མཐུད་དང་ས་ཡུལ་དངོས་སུ་འཚམས་འདྲི་དང་དྲ་ཐོག་གི་ཐབས་ལམ་དུས་གཅིག་ཏུ་ཤར་གཏོང་བྱས་ཏེ། ཚགས་ཤའི་ཐོན་རྫས་སྔོན་ལ“ཧང་ཀྲོའུ་ཡི་དྲ་ཐོག་ལེགས་འདེམས”ལས་སྟེགས་ལ་ཞུགས་པ་དང“སོས་ཉར་མྱུར་སྐྱེལ·ཧང་ཀྲོའུ”ལ་ཞུགས་པའི་བགྲོད་ལམ་དངོས་སུ་ཤར་གཏོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།