དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱང་སྐྱོད་ཀྱི་སྙིང་སྟོབས་ཁྲོད་ནས་མཐུན་སྒྲིལ་ཡར་བརྩོན་གྱི་སྟོབས་ཤུགས་ལེན་དགོས།

    ཞི་ཏེ་ཉི•ཝུའུ་ཏེ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-24

    རྒྱང་སྐྱོད་ལས་མངོན་པའི་དད་སེམས་བརྟན་པོ་དང་མཐུན་སྒྲིལ་གྱི་སྙིང་སྟོབས་ཀྱིས་ད་བར་སྔར་བཞིན་རྒྱལ་ཁབ་མི་འདྲ་བ་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་མི་རྣམས་ལ་བློ་སྒོ་འབྱེད་བཞིན་ཡོད།

    1936ལོར་ཨའེ་ཏེ་ཅ•སི་ནུའོ་ཀྲུང་གོའི་ནུབ་བྱང་གི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པར་བསྐྱོད་པ་དང་དེ་རྗེས《ནུབ་ཕྱོགས་སུ་སྐྱོད་པའི་ཟིན་ཐོ》ཞེས་པའི་བཅར་འདྲིའི་མཐོང་ཐོས་ཤིག་བྲིས་ཡོད། སྐབས་དེར་འཛམ་གླིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་བཟོ་ཞིང་དམར་དམག་གི་གནས་ཚུལ་ངོ་མ་ཧ་ལམ་ཅི་ཡང་ཤེས་ཀྱི་མེད། སི་ནུའོ་ཡིས་བཅར་འདྲི་བྱས་པའི་མཐོང་ཐོས་ལས་དམར་དམག་དང་མང་ཚོགས་དཀྱུས་མའི་དབར་གྱི་འབྲེལ་བ་མངོན་པས་འཛམ་གླིང་གིས་ཀྲུང་གོའི་གསར་བརྗེར་ཤེས་རྟོགས་ཡོང་བར་སྒེའུ་ཁུང་ཕྱེ་བ་ལྟ་བུ་ཞིག་བྱུང་ཡོད།

    སི་ནུའོ་ཡིས་དེབ་འདིའི་ནང་རྒྱང་སྐྱོད་སྐོར་འདི་ལྟར་བཀོད་འབྲི་བྱས་ཡོད་པ་སྟེ། རྒྱང་སྐྱོད་ནི་ཉེན་མཆོང་དང་། འཚོལ་ཞིབ། གསར་རྙེད་བཅས་བྱེད་པའི་བརྒྱུད་རིམ་ཞིག་ཡིན་ཞིང་། དེར་བློ་སྟོབས་འཕེལ་བ་དང་དངངས་སྐྲག་བྱེད་པ་དང་། རྒྱལ་ཁ་བླངས་པར་དགའ་སྤྲོ་བྱེད་པ། དཀའ་ཚེགས་དང་ངལ་དུབ་ཀྱིས་མནར་བ། དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་བ། ལྷག་བསམ་རྣམ་དག་བཅས་བྱེད་དགོས་ཀྱི་ཡོད། ཡིད་དབང་འཕྲོག་ཤུགས་ཆེ་བའི་བཀོད་འབྲི་འདི་ལས་རྒྱང་སྐྱོད་ཀྱི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་མཚོན་ཡོད། ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་བྱེད་རིང་། དམར་དམག་གི་འཐབ་འཛིང་པས་རི་གཟར་པོ་འཛེག་པ་དང་ཆུ་ཆེན་པོ་བརྒལ་ནས་དཀའ་ངལ་སྣ་ཚོགས་ཀྱི་ཁྲོད་དམིགས་འབེན་གྱི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་ཡོད།

    སི་ནུའོ་ཡིས་རྒྱང་སྐྱོད་འདི་ནི“དེང་རབས་ལོ་རྒྱུས་ཐོག་གི་འགྲན་ཟླ་བྲལ་བའི་རྒྱང་སྐྱོད་ཐེངས་གཅིག་རེད”ཅེས་བསྔགས་བརྗོད་བྱེད་དོན་ནི་རྒྱང་སྐྱོད་ཀྱི་དཀའ་ཉེན་ལ་ཐུག་ཡོད་པ་མ་ཟད། མི་རྣམས་ཀྱིས་ཐུན་མོང་གི་དམིགས་ཚད་མངོན་འགྱུར་ཡོང་ཆེད་གཅིག་ཏུ་སྒྲིལ་བའི་སྟོབས་ཤུགས་ཆེན་པོར་ཡང་ཐུག་ཡོད་པས་རེད། རྒྱང་སྐྱོད་ནང་ཞུགས་མཁན་དཔོན་དམག་ཚོ་ཀྲུང་གོའི་ས་གནས་ཁག་ནས་ཡོང་བ་དང་ཡུལ་སྐད་མི་འདྲ་བ་ཤོད་བཞིན་ཡོད་མོད། མི་སྒེར་གྱི་ཁེ་ཕན་དོར་ནས་ཐུན་མོང་གི་བྱ་གཞག་ཆེད་དུ་མཉམ་དུ་འཛོམས་ཡོད། ཁོང་ཚོས་སྲ་ཞིང་བརྟན་པའི་སེམས་ཤུགས་དང་ཚད་མཐོའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་བརྟེན་ནས་གནས་བབ་ངན་པའི་ཁྲོད་ཐུན་མོང་ཐོག་འབད་འཐབ་བྱས་མཐར་དོན་སྙིང་གལ་ཆེན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་མི་འདྲ་བ་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་མི་ཚང་མས་ལོ་རྒྱུས་དུམ་བུ་དེའི་ནང་ནས་གནས་ལུགས་ཤིག་ཤེས་ཐུབ་པ་སྟེ། མི་རྣམས་ཀྱིས་རིག་པ་གཅིག་ལ་སྒྲིམ་པ་དང་ནུས་ཤུགས་གཅིག་ལ་འདོན་ཚེ་དཀའ་ངལ་སྣ་ཚོགས་ཁྱད་བསད་ཐུབ་ནས་མངོན་འགྱུར་མི་ཐུབ་པ་ལྟ་བུར་སྣང་བའི་དམིགས་ཚད་མང་པོ་ཞིག་མངོན་འགྱུར་ཐུབ་པ་དེ་རེད།

    ཕྱར་བ་གྲུ་འདེགས་ཀྱི་སྟོབས་ཤུགས་འདིས་ངས་རྗེས་ཀྱི་ལོ་བཅུ་ཕྲག་ཁ་ཤས་རིང་ཀྲུང་གོར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གོ་བ་ལེན་པར་རོགས་རམ་ཐུབ་སོང་། ངས་ཀྲུང་གོར་ཞིབ་འཇུག་བྱས་ནས་ལོ་30ལྷག་ཙམ་སོང་བ་དང་ཀྲུང་གོར་འཚམས་འདྲིར་ཐེངས་དང་པོ་བསྐྱོད་པ་ནི་ལོ་15ཡི་གོང་ཡིན། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་རྒྱུན་མཐུད་ལེགས་སུ་ཕྱིན་པ། མཐོ་རིམ་སློབ་གསོའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་སོགས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་རིང་། ཀྲུང་གོ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་སྡེ་གཞི་ཆེ་གྲས་གཉིས་པར་གྱུར་ནས་མི་རྣམས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། དེ་ལྟ་བུའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད་པ་དང་། དེ་ནི་མི་གྲངས་ལས་འདས་པས་ཁེ་གྲགས་མེད་པར་ལེགས་སྐྱེས་འབུལ་བ་དང་ཐུན་མོང་ཐོག་བརྟན་སྲུང་བྱེད་པ་དང་ཁ་འབྲལ་ཐབས་མེད།

    རྒྱང་སྐྱོད་ཀྱི་ལོ་རྒྱུས་ནས་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཀྱི་ལག་ལེན་བར་མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་ཀྱིས་ང་ཚོས་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བར་བསམ་གཞིག་བྱེད་པར་བློ་སྒོ་ཕྱེ་ཡོད། དངོས་ཡོད་འཚོ་བའི་ཁྲོད་མི་རྣམས་ཀྱིས་རྟག་ཏུ་ཕན་ཚུན་དབར་གྱི་ཁྱད་པར་དང་འཕྲད་པའི་འགྲན་སློང་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཨ་ཀྲུང་དབར་གྱི་འབྲེལ་བ་ནི་དེང་སྐབས་འཛམ་གླིང་གི་ཕྱོགས་གཉིས་པོའི་འབྲེལ་བའི་ནང་ནས་གལ་ཆེ་ཤོས་ཤིག་ཡིན་པས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་བ་ནི་ལྷག་པར་གལ་འགངས་ཆེ་བ་ཞིག་རེད། ཨའེ་ཏེ་ཅ•སི་ནུའོ་དྲན་གསོའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སི་ནུའོ་ཡི་བསམ་པའི་ཤུལ་བཞག་རྒྱུན་འཛིན་བྱ་རྒྱུར་གཞོལ་ནས་རིག་གནས་དང་། སློབ་གསོ། དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་དེ་བས་གཏིང་ཟབ་ཅིང་ཡུན་རིང་བའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཨ་ཀྲུང་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཚེ་སྟོབས་ཤུགས་དེ་བས་ཆེ་བ་གཅིག་ཏུ་བསྡུས་ཏེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐབས་ལམ་ཐུན་མོང་ཐོག་འཚོལ་ཞིབ་བྱེད་ཐུབ།

    ངས་མི་དེ་བས་མང་བས《ནུབ་ཕྱོགས་སུ་སྐྱོད་པའི་ཟིན་ཐོ》དང་དེ་བཞིན་རྒྱང་སྐྱོད་སྐོར་བཀོད་པའི་བརྩམས་ཆོས་དང་ལོ་རྒྱུས་ཀྱི་དཔྱད་ཡིག་གཞན་དག་ལྟ་ཀློག་བྱས་ནས་ཞིབ་ཕྲའི་དོན་དག་དང་མི་སྣའི་བརྒྱུད་རིམ་ཁྲོད་ནས་དམར་དམག་དཔོན་དམག་གིས་ལེགས་སྐྱེས་འབུལ་བ་དང་བརྟན་སྲུང་བྱེད་པ་ཚོར་ཐུབ་པའི་རེ་བ་ཡོད། གསོན་ཉམས་དོད་པའི་ལོ་རྒྱུས་ཀྱི་གནས་ཚུལ་ཞིབ་ཕྲ་དེ་དག་གིས་མི་རྣམས་ཀྱིས་རྒྱང་སྐྱོད་ལ་ཤེས་རྟོགས་དང་ཀྲུང་གོ་ཤེས་རྟོགས་དེ་བས་ལེགས་པ་ཐུབ་རྒྱུར་ཕན་ཐོགས་ཡོད། ལོ་རྒྱུས་ཐོག་རྒྱལ་ཁབ་མང་པོ་ཞིག་ལ་དཀའ་ངལ་ཁྱད་བསད་དང་གནས་བབ་ངན་པ་ལས་རྣམ་པར་རྒྱལ་བའི་དཔེ་མཚོན་ཡོད། འོན་ཀྱང་རྒྱང་སྐྱོད་ནི་འཛམ་གླིང་ལོ་རྒྱུས་ཐོག་འགྲན་ཟླ་མེད་པ་ཞིག་རེད་ཅེས་བརྗོད་པར་འོས། རྒྱང་སྐྱོང་ལས་མངོན་པའི་དད་སེམས་བརྟན་པོ་དང་མཐུན་སྒྲིལ་གྱི་སྙིང་སྟོབས་ཀྱིས་ད་བར་རྒྱལ་ཁབ་མི་འདྲ་བ་དང་རིག་གནས་རྒྱབ་ལྗོངས་མི་འདྲ་བའི་མི་རྣམས་ལ་བློ་སྒོ་འབྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།