དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལོན་ཏོན་འཛམ་གླིང་ཡུལ་སྐོར་ཚོང་འདུས་ཐོག་ཀྲུང་གོའི་རིག་གནས་ཡུལ་སྐོར་ཀུན་གྱི་མཐོང་ཆོས་སུ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཞུས་ལི་ཆུན།   |     སྤེལ་དུས།  2026-11-24

    ཉིན་ཤས་གོང་། 2026ལོའི་ལོན་ཏོན་འཛམ་གླིང་ཡུལ་སྐོར་ཚོང་འདུས་ལོན་ཏོན་འགྲེམས་སྟོན་ལྟེ་གནས་སུ་གཉེར་བ་དང་། རྒྱལ་ཁབ་དང་ས་ཁུལ་180ལྷག་ཙམ་ནས་ཡོང་བའི་འགྲེམས་ཞུགས་ཚོང་པ་4000ལྷག་ཙམ་མཉམ་དུ་འཛོམས་ནས་ཡུལ་སྐོར་ཐོན་རྫས་འགྲེམས་སྟོན་དང་། མཉམ་ལས་ཐོན་ཁུངས་འབྲེལ་མཐུད། ཁྲོམ་རའི་གོ་སྐབས་གསར་པ་འཚོལ་ཞིབ་བཅས་བྱས་པ་རེད། ཀྲུང་གོའི་འགྲེམས་ཁུལ་གྱིས“ཀྲུང་གོའི་ཡུལ་སྐོར་ཏེ། རིག་གནས་ཀྱིས་ཡུལ་སྐོར་གཏོད་པ་དང་། བློ་རིག་གིས་འབྱུང་འགྱུར་གཏོད་པ། ལྗང་མདོག་མཉམ་གནས་བྱེད་པ”བཅས་བརྗོད་དོན་གཙོ་བོར་བྱས་ཏེ་སྤྱི་ཡོངས་ཇུས་འགོད་ནང་ཤར་ཕྱོགས་ཀྱི་མཛེས་རིག་དང་དེང་རབས་ཀྱི་གསོན་ཤུགས་མཉམ་འདྲེས་བྱས་པས། སྐབས་འདིའི་ཚོང་འདུས་ཀྱི་བཀྲག་མདངས་འཚེར་ཤོས་ཀྱི་འགྲེམས་ཁུལ་གྲས་ཤིག་ཏུ་གྱུར་ཡོད།

    ལོན་ཏོན་འཛམ་གླིང་ཡུལ་སྐོར་ཚོང་འདུས་1980ལོར་བཙུགས་པ་དང་། དེ་ནི་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ཡུལ་སྐོར་འགྲེམས་ཚོགས་ཀྱི་གྲས་ཤིག་རེད། ད་ལོ་ཀྲུང་གོའི་འགྲེམས་ཁུལ་ལ་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་487.5ཟིན་ནས་གཞི་ཁྱོན་སྐབས་རིམ་བྱུང་གི་ཟིན་ཐོ་གསར་པ་བཏོད་ཡོད། འགྲེམས་ཁུལ་གྱིས་ཀྲུང་གོའི་རི་ཀླུང་སོགས་ཁོར་ཡུག་སྲུང་སྐྱོང་གི་མ་དཔེ་སྤྱད་ནས་བསྐྲུན་པའི་འགྲེམས་སྟེགས་གྲལ་སྟར་འགྲིག་པོ་ཡོད་པ་དང་། འགྲེམས་ཞུགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་14ཡིས་རང་སོ་སོའི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམས་སྟོན་བྱས་པ་རེད།

    ད་ལོའི་ཟླ་2ཚེས་17ཉིན་ནས་བཟུང་། ཀྲུང་གོས་དབྱིན་ཇིའི་རྒྱལ་སྒྲོལ་ལམ་ཡིག་དཀྱུས་མ་ཡོད་མཁན་ལ་ཕྱོགས་རྐྱང་པའི་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཉིན་30ལག་བསྟར་བྱས་པར་ཁྲོམ་རའི་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། དབྱིན་ཇིའི་ཡུལ་སྐོར་ཀུང་སི་ཞིག་གིས་གསར་འགོད་པར། སྲིད་ཇུས་དོན་འཁྱོལ་བྱུང་རྗེས་ཀུང་སི་དེའི་དབྱིན་ཇིའི་འཛད་སྤྱོད་པ་ཀྲུང་གོར་ཡོང་ཚད་117%འཕར་བ་དང་། ཟླ་3པ་ཁོ་ནར་དབྱིན་ཇིའི་རྒྱལ་སྒྲོལ་ལམ་ཡིག་ཁྱེར་ནས་པེ་ཅིང་དུ་སྐྱོད་མཁན་ཡུལ་སྐོར་བ་ཁྲི་1.8ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། དབྱིན་ཇིའི་ཡུལ་སྐོར་ཚོང་པ་མི་ཉུང་བ་ཞིག་གིས། ཐོངས་མཆན་གྱི་ཚད་བཀག་དམའ་རུ་བཏང་རྗེས་ཀྲུང་གོ་འདི་ཉིད“ཚེ་གང་ཐེངས་གཅིག”གི་རྒྱང་རིང་གི་དམིགས་ས་ཙམ་མིན་པར་ཡང་ཡང་འོང་ཆོག་པའི་གདམ་གར་གྱུར་ཡོད་ཅེས་བརྗོད།

    དུས་གཏན་གནམ་གྲུ་མང་དུ་བཏང་བ་དེས་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་བ་འགྲོ་འོང་དེ་བས་སྟབས་བདེ་རུ་ཕྱིན་ཡོད། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་དང་ཧྲེན་ཀྲེན་མཁའ་འགྲུལ་གྱི་ཀྲུང་དབྱིན་མཁའ་ལམ་དུ་ཡུལ་སྐོར་བ་འགྲོ་ཐེངས་མང་བའི་གཟའ་འཁོར་རེའི་དུས་གཏན་གནམ་གྲུ་ཐེངས་43ཟིན་པ་དང་། ཀྲུང་གོའི་ཤར་ཕྱོགས་མཁའ་འགྲུལ་ཧྲང་ཧའེ་ནས་ལོན་ཏོན་བར་གྱི་མཁའ་ལམ་ཉིན་རེར་ཐེངས་4བར་མང་དུ་ཕྱིན་པ། ཀྲུང་གོའི་ལྷོ་ཕྱོགས་མཁའ་འགྲུལ་ཀོང་ཏུང་ཀོང་ཀྲོའུ་ནས་ལོན་ཏོན་ཀའེ་ཐེ་ཝེ་ཁེ་གནམ་ཐང་བར་གྱི་མཁའ་ལམ་གཟའ་འཁོར་རེར་ཐེངས་3ནས་13བར་མང་དུ་ཕྱིན་པ། ཞ་མོན་མཁའ་འགྲུལ་གྱིས་ཀྱང་ཟླ་9པར་ལོན་ཏོན་ནས་ཞ་མོན་བར་གྱི་ཐད་གཏོང་མཁའ་ལམ་གསར་པ་བཏོད་ཡོད། ཀྲུང་གོ་དང་དབྱིན་ཇིའི་མཁའ་འགྲུལ་ཀུང་སི་9མཉམ་དུ་འགྲེམས་སྟོན་ལ་ཞུགས་པ་དང་ཉོ་མཁན་མི་ཉུང་བ་ཞིག་གིས་དུས་གཏན་གནམ་གྲུའི་བཀོད་སྒྲིག་དང་ཡུལ་སྐོར་ལམ་ཐིག་བློ་འདྲི་བྱས་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་གི་དགོས་མཁོ་ཆེ་རུ་འགྲོ་བཞིན་ཡོད་པ་མཚོན་ཡོད། ཀྲུང་གོའི་ཡུལ་སྐོར་ཁྲོམ་རས་ཕྱི་རྒྱལ་གྱི་ལས་རིགས་པ་དེ་བས་མང་བའི་ཡིད་དབང་འཕྲོག་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།