དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “2026ལོའི་པུ་ཏ་ཕེ་སིའི་མི་དམངས་ཤོག་སྒོར་གྱི་གྲོས་འགོའི”གླེང་སྟེགས་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-24

    གྲོང་ཁྱེར་པུ་ཏ་ཕེ་སི་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། “2026ལོའི་པུ་ཏ་ཕེ་སིའི་མི་དམངས་ཤོག་སྒོར་གྱི་གྲོས་འགོའི”གླེང་སྟེགས་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིར་གཉེར་བ་རེད། ཀྲུང་གོ་དང་ཧང་ག་རི་སོགས་རྒྱལ་ཁབ་ཀྱི་དངུལ་རྩའི་ལས་རིགས་དང་། བཟོ་ཚོང་ལས་རིགས། དེ་བཞིན་རིག་གཞུང་ལས་རིགས་བཅས་ཀྱི་འཐུས་མི་བརྒྱ་ལྷག་ཙམ་གྱིས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་ས་ཁུལ་གྱི་ཚོང་དོན་མ་འཇོག་དང་དངུལ་རྩའི་འབྲེལ་བ། དེ་བཞིན་མི་དམངས་ཤོག་སྒོར་གྱི་མཇུག་རྩིས་དང་། མ་དངུལ་བསྡུ་སྒྲིལ། མ་དངུལ་དོ་དམ་སོགས་ཀྱི་ནང་དོན་ལ་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།

    ཧང་ག་རི་ཀྲུང་དབྱང་དངུལ་ཁང་གིས་2015ལོར“པུ་ཏ་ཕེ་སིའི་མི་དམངས་ཤོག་སྒོར་གྱི་གྲོས་འགོ”ལག་ལེན་བསྟར་འགོ་ཚུགས་པ་རེད། སྐབས་འདིའི་གླེང་སྟེགས་ཀྱིས“རྒྱལ་སྤྱིའི་དངུལ་ལོར་མ་ལག་ཁྲོད་ཀྱི་མི་དམངས་ཤོག་སྒོར་གྱི་ནུས་པ”བརྗོད་དོན་གཙོ་བོར་བྱས་ཏེ་ཇི་ལྟར་བྱས་ནས་གོ་ལ་ཧྲིལ་པོའི་དངུལ་རྩའི་དུས་བབ་འགྱུར་ལྡོག་དང་མཐུན་པ་དང་ཇི་ལྟར་བྱས་ནས་རྒྱལ་སྒྲོལ་ཚོང་དོན་མ་འཇོག་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་དགོས་པ་དེ་ད་ཐེངས་གླེང་སྟེགས་ཀྱི་གྲོས་འགོ་གཙོ་བོར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།