དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་འཁྱགས་ཚོམ་མགྱོགས་མྱུར་བཞུར་འགྲོ་བ་ཞིབ་འཇུག་ལས་མངོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-24

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧེར་སིན་ཁེ་ནས་གློག་འཕྲིན་འབྱོར་གསལ། སི་ཐོག་ཁོར་མོ་ནས་གནས་ཚུལ་སྤེལ་བར་གཞིཌ་ན། རྒྱལ་སྤྱིའི་ཞིབ་འཇུག་གསར་ཤོས་ཤིག་ལས་མངོན་པར། གོ་ལ་ཧྲིལ་པོའི་འཁྱགས་ཚོམ་མགྱོགས་མྱུར་བཞུར་འགྲོ་བ་མ་ཟད། འགྱུར་ལྡོག་ཁག་གཅིག་འགྲོ་ཚུལ་ཐད་ཟློག་ཐབས་བྲལ་བའི་རང་བཞིན་ལྡན་པས་སའི་གོ་ལའི་སྐྱེ་ཁམས་མ་ལག་དང་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཡུན་རིང་གི་ཉེན་ཁ་འཕྲད་ཉེན་ཡོད་པ་རེད།

    སུའེ་ཏེན་གྱི་སི་ཐོག་ཁོར་མོ་སློབ་ཆེན་དང་། ཀྲུང་གོའི་ཆིང་ཧྭ་སློབ་ཆེན། འཇར་མན་གྱི་ཕོ་ཚི་ཐན་གནམ་གཤིས་ཤུགས་རྐྱེན་ཞིབ་འཇུག་ཁང་སོགས་སྒྲིག་གཞི་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཞིབ་འཇུག་མི་སྣས《ཚན་རིག》དུས་དེབ་ཐོག་དཔྱད་རྩོམ་སྤེལ་ནས་ཁོང་ཚོས་རྒྱུ་སྐར་མཚམས་ཐིག་གི་སྒྲོམ་གཞི་སྤྱད་དེ་སའི་གོ་ལའི་མ་ལག་རྒྱུན་འཁྱོངས་བརྟན་པོ་ཐུབ་པར་ཐོན་པའི་འཁྱགས་ཚོམ་གྱི་ནུས་པར་བརྒྱུད་རིམ་ལྡན་པའི་དཔྱད་དཔོག་བྱས་པ་མ་ཟད། ལོ་ཁྲི་1.17ཙམ་གྱི་གོང་འགོ་ཚུགས་པའི་གསར་བསྒྱུར་ས་རབས་དཔེར་བྱས་ནས་དུས་སྐབས་དེའི་བལྟོས་བཅས་ཀྱིས་བརྟན་པའི་གནམ་གཤིས་དང་ཁོར་ཡུག་གི་ཆ་རྐྱེན་ལ་གཞིགས་ཏེ་འཁྱགས་ཚོམ་བདེ་འཇགས་འཁོར་སྐྱོད་བྱེད་པའི་བར་མཐོངས་གཏན་འཁེལ་བྱས་ཡོད་ཅེས་འཁོད་ཡོད་པ་རེད།

    ཞིབ་འཇུག་ནང་། མིའི་རིགས་ཀྱི་འགུལ་སྐྱོད་ལས་བྱུང་བའི་གནམ་གཤིས་འགྱུར་ལྡོག་ནི་འཁྱགས་ཚོམ་བཞུ་བའི་སྒུལ་ཤུགས་ཀྱི་རྒྱུ་རྐྱེན་གཙོ་བོ་ཡིན་པས་ཐཱན་ནག་པོ་ཕྱིར་འབུད་པ་དང་། བཟོ་ལས་ཀྱི་འདུ་འགོད་བྱེད་པ། རྨང་གཞིའི་སྒྲིག་བཀོད་རྒྱ་སྐྱེད་གཏོང་བ་སོགས་ཀྱིས་ས་ཁུལ་འགའ་ཤས་ཀྱི་འཁྱགས་ཚོམ་དེ་བས་བཞུར་མགྱོགས་སུ་ཕྱིན་ཡོད་པ་བསྟན་ཡོད། ཞིབ་འཇུག་མི་སྣས་རྒྱལ་ཁབ་ཁག་ལ་ཐཱན་འབུད་ཀྱི་དམིགས་ཚད་ཧུར་ཐག་བཟོ་དགོས་པ་མ་ཟད་འཁྱགས་ཚོམ་བཞུ་ཆེ་ཁུལ་དུ་མིའི་འགུལ་སྐྱོད་བྱེད་ཤུགས་ཆུང་དུ་གཏོང་དགོས་པའི་འབོད་སྐུལ་ཡང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།