ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱིས་ཕྱི་དངུལ་སྒོར་དུང་ཕྱུར་6069.3བསྡུ་ལེན་བྱས་པ།
▶ 2026ལོའི་ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་སུ་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་52853གསར་དུ་བཙུགས་པ་དེ་དུས་མཚུངས་ལས་1.7%ཆག་པ་དང་། ཕྱི་དངུལ་དངོས་སུ་སྤྱོད་ཚད་སྒོར་དུང་ཕྱུར་6069.3ཟིན་པ་དེ་དུས་མཚུངས་ལས་2.4%ཆག་ཡོད་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་ཚོང་དོན་པུས་འགྲེམས་བསྒྲགས་བྱས་པའི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། 2026ལོའི་ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་སུ་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་52853གསར་དུ་བཙུགས་པ་དེ་དུས་མཚུངས་ལས་1.7%ཆག་པ་དང་། ཕྱི་དངུལ་དངོས་སུ་སྤྱོད་ཚད་སྒོར་དུང་ཕྱུར་6069.3ཟིན་པ་དེ་དུས་མཚུངས་ལས་2.4%ཆག་ཡོད་པ་རེད།
ལས་རིགས་ཀྱི་ཐད་ནས་བལྟས་ན། བཟོ་སྐྲུན་ལས་རིགས་ཀྱིས་དངོས་སུ་སྤྱད་པའི་ཕྱི་དངུལ་སྒོར་དུང་ཕྱུར་1430.4ཟིན་པ་དང་། ཞབས་ཞུའི་ལས་རིགས་ཀྱིས་དངོས་སུ་སྤྱད་པའི་ཕྱི་དངུལ་སྒོར་དུང་ཕྱུར་4503.8ཟིན་ཡོད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ལག་རྩལ་མཐོ་བའི་ཐོན་ལས་ཀྱིས་ཕྱི་དངུལ་སྒོར་དུང་ཕྱུར་2528.3དངོས་སུ་སྤྱོད་པ་དེ་དུས་མཚུངས་ལས་31.3%འཕར་ནས་རྒྱལ་ཡོངས་ཀྱིས་དངོས་སུ་སྤྱོད་པའི་ཕྱི་དངུལ་གྱི་41.7%བཟུང་བ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་གྲངས་10.7མཐོ་རུ་ཕྱིན་ཡོད། དེའི་ནང་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཡོ་བྱད་དང་དེ་བཞིན་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཞབས་ཞུ། རྩིས་འཁོར་དང་དེ་བཞིན་གཞུང་ལས་སྒྲིག་ཆས་བཟོ་སྐྲུན་ལས་རིགས། གློག་རྡུལ་དང་འཕྲིན་གཏོང་སྒྲིག་ཆས་བཟོ་སྐྲུན་ལས་རིགས། ཞིབ་སྤེལ་དང་ཇུས་འགོད་ཞབས་ཞུ་བཅས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་པ་དེ་དུས་མཚུངས་ལས་128.8%དང་། 73.3% 48.8% 35.7% 23%བཅས་སོ་སོར་འཕར་བ་རེད།
ཡོང་ཁུངས་ངོས་ནས་བལྟས་ན། ཁ་ན་ཏ་དང་། ཧྥ་རན་སེ། སུའེ་ཙེར། ཨ་རི་བཅས་ཀྱིས་ཀྲུང་གོར་དངོས་སུ་མ་འཇོག་བྱས་པ་དེ་དུས་མཚུངས་ལས་105.7%དང་། 35.1% 23.5% 9.6%(རང་མོས་གྲུ་ཁའི་མ་འཇོག་གྲངས་གཞི་ཚུད་ཡོད་པ)བཅས་སོ་སོར་འཕར་བ་རེད།
འབྲེལ་ཡོད་གསར་འགྱུར།