དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གྲྭར་ཁྲིམས་ལུགས་ཁྱབ་གདལ་བཏང་ནས་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-24

    འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤིས་གྲོང་ཁྱེར་ལིན་ཆོན་སློབ་འབྲིང་གི་ལུས་རྩལ་ཐང་དུ་སློབ་མ་ཚོས་ཞིབ་དཔྱོད་དཔོན་གྱིས་བཏོན་པའི་བཅའ་ཁྲིམས་སྐོར་གྱི་དྲི་བར་འཚང་ཁ་ཤིག་ཤིག་ངང་ལན་འདེབས་བཞིན་པ།

    2026ལོའི་ཟླ་11ཚེས་20ཉིན། ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤིས་གྲོང་ཁྱེར་ལིན་ཆོན་སློབ་འབྲིང་གིས“ཁྲིམས་སྐྱོང་གི་དགའ་ནེའུ་དུས་ཆེན”ཞེས་པའི་བྱེད་སྒོ་སྤེལ་ནས་ལུས་རྩལ་ཐང་དུ་ཁྲིམས་སྐྱོང་སློབ་ཚན་འཚོགས་པ་རེད། གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་སློབ་གྲྭར་ཡོང་ནས་སྒྲོག་འགྲེལ་དང་། དྲི་བར་ལན་འདེབས་པ། རིག་ནུས་འཕྲུལ་ཁྱིའི་ཚན་རིག་ཁྱབ་གདལ་སོགས་ཀྱི་བྱེད་ཐབས་བརྒྱུད་སློབ་མ་ཚོར་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་བ་དང་འབྲེལ། གློག་འཕྲིན་ཁ་བསླུས་ལ་འགོག་ཟོན་དང་། སློབ་གྲྭའི་བརྙས་བཅོས་ལ་འགོག་རྒོལ། དུག་རྫས་གཏན་འགོག་སོགས་ཀྱི་ནང་དོན་འགྲེལ་བཤད་བརྒྱབ་ནས། ཚང་མས་སོས་དལ་བག་ཕེབས་ངང་ཁྲིམས་ལུགས་ཤེས་བྱ་སྦྱངས་ཏེ། ཁྲིམས་སྐྱོང་ལ་བརྟེན་ནས་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།