“དྲ་རྒྱའི་ཤེས་དཔལ་གྱི་སློབ་ཁང་ཆེན་མོ། གྲངས་འཛིན་ནང་གི་རིག་གནས་ཤུལ་བཞག”ཅེས་པའི་ཆེད་དོན་བྱེད་སྒོ་སྤེལ་བ།
ཟླ་11ཚེས་20ཉིན། ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། སློབ་གསོ་པུའུ་སོགས་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་ནས་སྤེལ་བའི“དྲ་རྒྱའི་ཤེས་དཔལ་གྱི་སློབ་ཁང་ཆེན་མོ། གྲངས་འཛིན་ནང་གི་རིག་གནས་ཤུལ་བཞག”ཅེས་པའི་ཆེད་དོན་བྱེད་སྒོ་ཧོ་ནན་གྱི་ཀྲེན་ཀྲོའུ་རུ་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོའི་ནང་རིག་གནས་ཤུལ་བཞག་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་དྲ་རྒྱའི་གསར་རྩོམ་མཁན་སོགས་མང་པོ་ཞུགས་ཡོད། དེའི་དམིགས་ཡུལ་ནི“དྲ་རྒྱའི་ཤེས་དཔལ་གྱི་སློབ་ཁང་ཆེན་མོ”ཞེས་པའི་ལས་སྟེགས་སྤྱད་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་དེ་ཉིད་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་དང་མཉམ་འདྲེས་ཇི་ལྟར་བྱེད་པའི་ཐད་གྲོས་བསྡུར་གཏིང་ཟབ་བྱེད་པ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་མཉམ་སྦྲེལ་དྲ་རྒྱ་དགེ་བརྩོན་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་སྟེ། མི་དམངས་ཀྱི་བདེ་རྩ་དེ་བས་ལེགས་པའི་ངང་ཆེ་རུ་གཏོང་ཆེད་རེད།
ཚོགས་ཞུགས་སྐུ་མགྲོན་ཚོས། རིག་དངོས་དང་རིག་གནས་ཤུལ་བཞག་ནང་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུན་འདུས་ཡོད་ཅིང་། དེ་ནི་བསྐྱར་སྐྱེས་དང་ཚབ་བྱེད་ཐབས་བྲལ་བའི་ཀྲུང་ཧྭའི་ཕུལ་བྱུང་ཤེས་དཔལ་གྱི་ཐོན་ཁུངས་ཤིག་རེད། གྲངས་རིག་ལག་རྩལ་ལ་བརྟེན་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་མཐུན་རྐྱེན་སྦྱོར་བ་དང་། ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་ལ་བརྟེན་ནས་དྲ་རྒྱའི་ཤེས་དཔལ་སྐྱེད་སྲིང་བྱེད་པ། དྲ་རྒྱར་བརྟེན་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱེད་པ། སྤྱི་ཚོགས་ལས་རིགས་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་བར་ཁྲིད་སྟོན་བཅས་བྱས་ཏེ། རིག་གནས་ཤུལ་བཞག་གི་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། བརྒྱུད་སྤེལ་ཡག་པོ་བཅས་བྱས་ནས་དྲ་རྒྱའི་བར་མཐོངས་སུ་རིག་གནས་ཤུལ་བཞག་གི་གསོན་ཤུགས་རྒྱས་པ་དང་རྒྱུན་འཛིན་ཡག་པོ་ཐུབ་པར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།