དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས་གྲོང་ཁྱེར་རིམ་པའི་སྲིད་གཞུང་11ལ་བདེ་འཇགས་ཐོན་སྐྱེད་ཐད་སྐོང་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-24

    ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས། ད་ལོ་ཚུན་དུ་ལས་འཛོལ་ཚབས་ཆེན་ཐོན་པའི་ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་དང་། ཧོ་ནན་ཞིང་ཆེན་ནན་དབྱང་གྲོང་ཁྱེར། ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་བཅས་དང་དེ་བཞིན་ཟླ་བ་དྲུག་ནང་ཚུན་ལས་འཛོལ་ཅུང་ཚབས་ཆེན་3ཡན་ཐོན་པའི་ཧྲན་ཤིས་ཞིང་ཆེན་ལུའེ་ལེང་གྲོང་ཁྱེར་དང་། ཧྲོའུ་ཀྲོའུ་གྲོང་ཁྱེར། ཤིན་ཀྲོའུ་གྲོང་ཁྱེར། ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་གྲོང་ཁྱེར། ཧྲན་ཏུང་ཞིང་ཆེན་ཡན་ཐའེ་གྲོང་ཁྱེར། ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར། ཡུན་ནན་ཞིང་ཆེན་ཧུང་ཧོ་ཧ་ཉི་རིགས་དབྱིས་རིགས་རང་སྐྱོང་ཀྲོའུ་དང་ཆུས་ཅིང་གྲོང་ཁྱེར་སོགས་གྲོང་ཁྱེར(ཀྲོའུ)11གི་གྲོང་ཁྱེར་སྲིད་གཞུང་གི་འགན་འཁུར་བ་གཙོ་བོར་སྐོང་འདྲི་བྱས་པ་རེད།

    སྐོང་འདྲི་བྱེད་སྐབས། ད་ལོ་ཚུན་དུ་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་མོད། འོན་ཀྱང་ས་ཁུལ་ཁག་གཅིག་ཏུ་ལས་འཛོལ་ཅུང་ཆེ་ཙམ་བསྐྱར་དུ་ཐོན་ནས་དུས་བབ་ཛ་དྲག་པོ་ཆགས་ཡོད། ས་ཁུལ་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་བྱེད་ཐབས་ཁག་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། བྱ་སྤྱོད་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས“སྲུང་སྐྱོང་གཉིས”ལག་ལེན་བསྟར་དགོས་ཞེས་བསྟན་ཡོད།

    སྐོང་འདྲི་བྱེད་སྐབས། འབྲེལ་ཡོད་ས་ཁུལ་གྱིས་བསམ་གཞིག་གཏིང་ཟབ་བྱེད་པ་དང་། ལས་འཛོལ་གྱི་བསླབ་བྱ་དང་ལེན་བྱེད་པ། གཅིག་ཤེས་ཀུན་གྲོལ་ཐུབ་པ། མཐའ་ཚད་ཀྱི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ། “ཡུལ་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དུས་བདེ་སྲུང་བའི”ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ། “དོ་དམ་གསུམ་དང་ངེས་པར་དུ་བྱེད་དགོས་པ་གསུམ”གྱི་བླང་བྱར་ནན་པོར་གཞིགས་པ། འཁོར་འབྲེལ་ཧྲིལ་པོའི་ལྟ་འདོམས་ཀྱི་འགན་འཁྲིའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་ཐོན་རྒྱུ་སྔོན་འགོག་དང་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཤོག་སྦག་སོགས“ཁྲིམས་འགལ་ལ་རྡུང་རྡེག་དང་སྒྲིག་འགལ་བཅོས་སྒྲིག”བྱེད་པར་སྐུལ་འདེད་ནན་པོ་གཏོང་བ། གཏེར་རིའི་བདེ་འཇགས་ཀྱི“བྱེད་ཐབས་ནན་པོ་བརྒྱད”དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཉེན་ཡོད་རྫས་འགྱུར་དངོས་རྫས་ཀྱི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱེད་མགྱོགས་སུ་གཏོང་བ། བཟོ་ཚོང་ལས་རིགས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་དང་ཕྱི་ཕྱོགས་འགན་གཙང་དཔུང་ཁག་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། སྤྱི་པའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། མི་སྣ་འདུ་འཛོམས་ཆེ་ས་དང་རིགས་ཁག་གི་ཐོན་སྐྱེད་གཉེར་སྐྱོང་ཚན་པའི་མེ་སྐྱོན་གྱི་ཉེན་ཁ་གྲལ་བཤེར་དང་བཅོས་སྒྲིག་ནན་པོ་བྱེད་པ། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ལ་ཁྲིམས་སྒྱུར་ནན་པོ་བྱེད་པ། རིག་གནས་ཡུལ་སྐོར་བདེ་འཇགས་ཀྱི་དོགས་ཟོན་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། དོ་དམ་དང་ཚོད་འཛིན་མི་ཐུབ་པ་ནན་འགོག་བཅས་བྱེད་དགོས། འཛེམ་མེད་དམར་འདོན་བྱེད་ཕོད་པར་བྱས་ཏེ་ལྟ་འདོམས་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།