དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཁུར་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-24

    《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ནང་། “ངེས་པར་དུ་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱས་ཏེ་ལས་བྱེད་པར་སློབ་གསོ་གསོ་སྐྱོང་དང་། འདེམས་བསྐོ་བཀོལ་སྤྱོད། དོ་དམ་ལྟ་སྐུལ་བཅས་ནན་དུ་བཏང་ནས་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་བཟང་བ། སྒྲིག་ཁྲིམས་ནན་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས”ཞེས་ཁ་གསལ་བཏོན་ཡོད།

    ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་འཁེལ་བྱུང་རྗེས་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ནི་ལས་བྱེད་པ་ཡིན། བཟང་འདེམས་འཇོན་བསྐོ་ལ་མཐོང་ཆེན་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཤུགས་སྣོན་རྒྱག་རྒྱུ་ནི་རང་རེའི་ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་དང་སྲོལ་རྒྱུན་བཟང་པོ་ཞིག་ཡིན། གསར་བརྗེའི་དམག་འཁྲུག་གི་ལོ་རབས་སུ་ཏང་གིས་ཏང་ལ་ལྷག་བསམ་རྣམ་དག་དང་། དཔའ་ངར་ཆེ་ཞིང་དམག་འཐབ་ལ་མཁས་པ། རང་སྲོག་བློས་གཏོང་བར་མི་སྐྲག་པ་བཅས་ཀྱི་ཕུལ་བྱུང་ལས་བྱེད་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཆབ་སྲིད་ཤེས་པ་དང་། ལས་སྒོ་ཤེས་པ། ཆབ་སྲིད་ཀྱི་གོ་རྟོགས་མཐོ་ལ་ཆེད་ལས་ཀྱི་འཇོན་ནུས་ཆེ་བ་བཅས་ཀྱི་ཕུལ་བྱུང་ལས་བྱེད་པ་འབོར་ཆེན་ཞིག་ཐོན་སྐྱེད་འཛུགས་སྐྲུན་ལ་ཞུགས་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་བླང་བྱ་གསར་པ་དང་བསྟུན་ནས་ལོ་ན་གཞོན་ཞིང་འཇོན་ཐང་ལྡན་པ་དང་བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་བྱེད་མཁན་ལས་བྱེད་པ་ཕུལ་བྱུང་ཁག་ཅིག་འགོ་ཁྲིད་ཀྱི་ལས་གནས་སུ་བསྐྱོད་ཡོད། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ལས་བྱེད་པར་དོ་དམ་ནན་པོ་བྱེད་པ་དེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པ་བཟང་པོ་འབོར་ཆེན་ཞིག་དུས་ཐོག་ཏུ་ཤེས་རྟོགས་དང་བཀོལ་སྤྱོད་བྱས་ཡོད། རྒྱུན་སྲིང་ལག་བསྟར་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་མི་འདེམས་མི་སྤྱོད་ཀྱི་ཚད་གཞིས་ཏང་གིས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་འབད་འཐབ་དམིགས་ཚད་ལེགས་སྒྲུབ་བྱེད་པར་ཤེས་ལྡན་པའི་རྨང་གཞི་བརྟན་པོ་བཏིང་ཡོད།

    དུས་རབས་གསར་པ་ཤར་ཚུན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མཉམ་དུ་འདྲེས་པས། རང་རེའི་ཏང་གིས་མི་རིགས་བསྐྱར་དར་གྱི་དཀའ་ཚེགས་ཆེ་བའི་ལས་འགན་ཕྲག་ཏུ་ཁུར་ཏེ། “འགྲན་སློང་ཆེན་པོ་བཞི”དང་། “ཚོད་བགམ་ཆེན་པོ་བཞི” “ཉེན་ཁ་རིགས་བཞི”བཅས་ལ་ཐད་ཀར་ཕྱོགས་ནས་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། དུས་སྐབས་ཤིག་རིང་ལས་བྱེད་པའི་དཔུང་ཁག་ཁྲོད་དུ་ལྷག་པའི་ཆབ་སྲིད་ཐད་ལྷག་བསམ་རྣམ་དག་མེད་པ་དང་། འགན་འཁྲི་འཁུར་སེམས་མི་འདང་བ། འཇོན་ཐང་ཆེན་པོ་མེད་པ། སྤྱོད་ཚུལ་ཏན་ཏིག་མེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཟབ་མོ་བཅངས་ནས“རྒྱལ་ཁབ་སྐྱོང་བའི་གནད་འགག་ནི་མི་སྤྱོད་པར་ཐུག་པའི”དུས་རབས་ཀྱི་བརྗོད་གཞིར་ལན་གཏིང་ཟབ་བསྐྱོན་ཞིང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་བཏོན་གནང་སྟེ། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་གཏན་འཁེལ་དང་། ལས་བྱེད་པའི་འཇོན་ཐང་དང་། བྱང་ཚད། སྤྱོད་ཚུལ་བཅས་འཛུགས་སྐྱོང་ལ་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་གནང་ནས། ལས་བྱེད་པའི་དཔུང་ཁུག་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་གནང་ཡོད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་རྒྱུར་གཞི་ཚུགས་ཏེ། ཡང་དག་པའི་མི་སྤྱོད་སྟོན་ཕྱོགས་མཐའ་འཁྱོངས་དང་། གནད་སྨིན་དང་ཚན་རིག་དང་མཐུན་པའི་སྒོ་ནས་མི་སྣ་འདེམས་སྤྱོད། ལས་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བ། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ན་གཞོན་ལས་བྱེད་པ་ཕུལ་བྱུང་གསོ་སྐྱོང་དང་འདེམས་པའི་སྤུས་ཚད་མཐོ་རུ་གཏོང་བ། ལས་བྱེད་པར་དོ་དམ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་པ་སོགས“འདེམས་གསོ་འདོམས་སྤྱོད”ཀྱི་འཁོར་འབྲེལ་ཧྲིལ་པོ་སྦྲེལ་མཐུད་བྱེད་པ་དང་། དོ་དམ་ནན་པོ་དང་གཅེས་སྐྱོང་ཡག་པོ་གཅིག་གྱུར་གྱི་བཀོད་སྒྲིག་གལ་ཆེན་བྱས་ནས། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་རྒྱུན་མཐུད་གསོ་སྐྱོང་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་ཤིང་། དེའི་རིང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པའི་འགག་རྩ་ནི་ཏང་དང་ལས་བྱེད་པར་ཐུག་ཡོད། ང་ཚོས་མི་རིགས་ས་ཁུལ་གྱི་ལས་བྱེད་པ་བཟང་པོའི“དམིགས་བསལ་བཞིའི”བླང་བྱ་དང་ཡང་ཡང་བསྡུར་བ་དང་། བོད་ཀྱི་ལས་བྱེད་པའི“དེ་བས་གསུམ”གྱི་བླང་བྱ་ལག་ལེན་བསྟར་བ། བསམ་བློའི་ཞུན་བརྡར་དང་། ཆབ་སྲིད་ཀྱི་མྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་ནུས་པ་དང་། ཆེད་ལས་ཀྱི་བྱང་ཚད། འཐབ་རྩོད་ཀྱི་འཇོན་ཐང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ལས་ཀའི་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ཏེ། བཤད་པ་ལག་ལེན་དུ་འཁྱོལ་བའི་རང་རྟོགས་དང་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ལ་བརྟེན་ནས་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།