དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-24

    ཉིན་ཤས་གོང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་ཤིང་། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོ་ཁྲང་ཅིའུ་ཡིས《ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་རྩ་བའི་གཞི་འཛིན་སར་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་སྒྲོག་འགྲེལ་སྙན་ཞུ་བྱས་པ་རེད། སྙན་ཞུའི་ཚོགས་འདུ་དེ་ནི་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཉིང་ཁྲི་གྲོང་ཁྱེར་དུ་ཚོགས་ར་གཙོ་བོ་དང་། རྫོང་དང་ཆུས(གྲོང་ཁྱེར)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་པ། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ལས་བྱེད་པ་དང་གཞི་རིམ་མང་ཚོགས་ཀྱི་འཐུས་མི་800ལྷག་ཙམ་ཞུགས་ཡོད་པ་རེད།

    སྙན་ཞུའི་ཚོགས་འདུའི་ཐོག ཧོ་ཁྲང་ཅིའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཆོད་དོན》ལ་དམ་པོར་དམིགས་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ། གྲངས་གཞི་རེ་རེ་དང་ཉེ་འགྲམ་གྱི་དཔེ་མཚོན་རེ་རེ་བཞིན་དྲངས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེར་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱེད་པ། རྒྱང་ལམ་གསར་པར་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ལ་འཕྲད་པའི་དུས་བབ་གསར་པ་དང་། ལས་འགན་གསར་པ། འགྲན་སློང་གསར་པ་བཅས་ལ་རྒྱས་བཤད་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་། འཐབ་ཇུས་ཀྱི་ལས་འགན། བྱེད་ཐབས་གལ་ཆེན་སོགས་ཀྱི་ནང་དོན་ལ་གཙོ་གནད་ཐོག་འགྲེལ་བཤད་རྒྱག་པ་བཅས་བྱས་པ་དང་འབྲེལ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་བྱེད་པའི་ཐད་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་རེད།

    སྙན་ཞུའི་ཚོགས་འདུ་གྲོལ་རྗེས། ཧོ་ཁྲང་ཅིའུ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་ཉི་ཁྲི་སྡེ་ཁུལ་དུ་བསྐྱོད་ནས་སྡེ་ཁུལ་གྱི་ལས་བྱེད་པ་དང་གྲོང་མིའི་འཐུས་མི་དང་སྤེལ་རེས་བྱས་ཤིང་། “ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་གསར་པ་དང་གཞི་རིམ་མང་ཚོགས་ཀྱི་འཚོ་བར་འབྲེལ་བ་གང་ཞིག་ཡོད་པ”ནས“སྡེ་ཁུལ་གྱི་ཏང་ཡོན་དཀྱུས་མས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དོན་ཐོག་ཏུ་ཇི་ལྟར་འཁྱོལ་བའི”བར་གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་སྐད་ཆ་དྲིས་ཡོད། ཧོ་ཁྲང་ཅིའུ་ཡིས་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་ཉེ་འགྲམ་གྱི་དཔེ་མཚོན་དྲངས་ནས་སྲིད་ཇུས་ཀྱི་མཚམས་ཚད་གསལ་པོ་བཤད་པ་དང་ལྟ་སྐུལ་གྱི་ཐབས་ལམ་གསལ་སྟོན་བྱས་པ་དང་འབྲེལ། ཚང་མའི་བསམ་འཆར་དང་གྲོས་འགོ་རེ་རེ་བཞིན་ཟིན་ཐོར་བཀོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།