དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཆབ་མདོར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-24

    ཉིན་ཤས་གོང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཆབ་མདོར་འཚོགས་ཤིང་། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་སྤྱི་གཞོན་པ(ཡོན་ཀྲང་གཞོན་པ)ཧྥང་ཡུས་གོས་སྒྲོག་འགྲེལ་སྙན་སེང་ཞུས་པ་རེད། སྙན་ཞུའི་ཚོགས་འདུ་དེ་ནི་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཆབ་མདོ་གྲོང་ཁྱེར་དུ་ཚོགས་ར་གཙོ་བོ་དང་རྫོང་དང་ཆུས་11ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

    སྙན་ཞུའི་ཚོགས་འདུའི་ཐོག ཧྥང་ཡུས་གོས《རྒྱང་ལམ་གསར་པའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས》ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཆོད་དོན》ལ་དམ་པོར་དམིགས་ཐོག་ཚང་འཛོམས་གྲོས་ཚོགས་ཀྱི་གཞི་རྩའི་གནས་ཚུལ་དང་། 《ཆོད་དོན》གྱི་འཆར་ཟིན་དང་ཁྱད་ཆོས་གཙོ་བོ་སོགས་ཀྱི་ཐད་ནས་ཚང་འཛོམས་གྲོས་ཚོགས་འཚོགས་པའི་དོན་སྙིང་གལ་ཆེན་རྒྱས་བཤད་བྱས་པ་དང་། 《ཆོད་དོན》ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན་པ་བསྟན་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་དོན་གྱི་འཐབ་ཇུས་བསམ་གཞིག་དང་མིག་སྔའི་དུས་བབ་ལ་བརྡར་ཤ་བཅད་པར་དབྱེ་ཞིབ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་འཐབ་ཇུས་ལས་འགན་གཙོ་གནད་ཐོག་གསལ་འགྲེལ་བཅས་བྱས་པ་མ་ཟད། ད་དུང་ཏང་གཤིས་ཆེ་རུ་གཏོང་བ་དང་། དམངས་གཙོའི་གཅིག་སྡུད་ལམ་ལུགས་ལག་ལེན་བསྟར་བ། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གཏོད་པ། དམ་ནན་གྱི་རྩ་འཛུགས་མ་ལག་འཛུགས་པ་སོགས་ཕྱོགས་བརྒྱད་ཀྱི་ཐད་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་གསལ་འགྲེལ་ཡང་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་དུ་བསྡད་ཡོད་པའི་གྲོང་ཁྱེར་རིམ་པའི་འགོ་ཁྲིད་དང་། གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པ་ཁག་གི་རྫོང་རིམ་པ་གཞོན་པའི་འགོ་ཁྲིད། གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། གཞི་རིམ་མང་ཚོགས་ཀྱི་འཐུས་མི། སློབ་མའི་འཐུས་མི། གྲྭ་བཙུན་གྱི་འཐུས་མི་སོགས་ཁྱོན་མི་380ལྷག་ཙམ་གྱིས་ཚོགས་ར་གཙོ་བོའི་སྙན་ཞུར་ཉན་པ་རེད། ཚོགས་ཞུགས་ལས་བྱེད་པ་དང་མང་ཚོགས་ཚོས། ཐེངས་འདིའི་སྒྲོག་འགྲེལ་གོ་སྐབས་སུ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བོད་ཤར་རྒྱུད་ཀྱི་ས་གཞི་ཆེ་མོར་རྩ་བ་ཚུགས་རྒྱུར་སྐུལ་འདེད་བཏང་སྟེ། སློབ་སྦྱོང་གི་གྲུབ་འབྲས་དེ་འགན་སྒྲུབ་འགན་འཁུར་གྱི་ཕན་འབྲས་དངོས་ལ་བསྒྱུར་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་རྩོམ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།