དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་སྲུང་སྐྱོང་དང་། སྐུལ་སློང་། སྟོབས་ཆེར་བཅས་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྥུའུ་ཚུང་།   |     སྤེལ་དུས།  2026-11-23

    1971ལོའི་ཟླ་10ཚེས་25ཉིན། འདེམས་ཤོག་མང་པོའི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་ཉེར་དྲུག་པའི་ཐོག་གྲོས་ཆོད་ཨང་2758པར་གྲོས་འཆམ་བྱུང་སྟེ། མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཡོད་དོ་ཅོག་སླར་གསོ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སུ་ཀྲུང་གོའི་སྲིད་གཞུང་འཐུས་མི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་འཐུས་མི་འབའ་ཞིག་དེ་ཡིན་པ་ཁས་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ལོ་55ཡི་རིང་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་ལག་གདང་སྦྲེལ་ནས་མིའི་རིགས་ཡར་ཐོན་ཡོང་བར་འབད་འཐབ་ལྷོད་མེད་བྱས་པས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་སྔར་ལས་ཆེ་རུ་ཕྱིན་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཀྱི་འོས་འགན་ལྷག་བསམ་རྣམ་དག་ངང་བསྒྲུབས་པ་ནས། ཞི་བདེ་བདེ་འཇགས་དང་། འཕེལ་རྒྱས། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཀ་རྟེན་ཆེན་པོ་གསུམ་འཛུགས་སྐྱོང་ནང་ཕྱོགས་ཡོངས་ནས་ཞུགས་པའི་བར་དང་། དེ་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་ཆེད་བློ་གྲོས་དང་ཇུས་གཞི་ལེགས་སྐྱེས་ཕུལ་བའི་བར། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ནང་ཞུགས་ཚད་ཉིན་བཞིན་མང་དུ་ཕྱིན་པ་དང་འགན་འཁྲི་སྔར་བས་ལྕི་རུ་སོང་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དངུལ་སྐྱེལ་མཁན་རྒྱལ་ཁབ་ཆེ་གྲས་གཉིས་པ་དང་ཞི་བདེ་སྲུང་སྐྱོང་གི་ཆ་བགོས་མ་དངུལ་གཏོང་མཁན་རྒྱལ་ཁབ་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོས། རྒྱུན་མཐུད་མ་འཇོག་དང་བྱ་སྤྱོད་བརྟན་པོར་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་ཀྱི་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་བརྟན་སྲུང་བྱེད་པའི་ཐོག་མའི་བསམ་འདུན་ལ་འགྱུར་ལྡོག་བྱུང་མེད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་སྲུང་སྐྱོང་བྱེད་པའི་ལངས་ཕྱོགས་ཧ་ཅང་བརྟན་པོ་ཡོད།

    ལོ་55ཡི་རིང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེའི་ཆེད་དུ་འབད་འཐབ་བྱེད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྟེགས་བརྒྱུད་ཡུག་རེན་ཉམས་ཉེན་གྱི“ཞི་བདེའི་གྲོགས་པོའི”ཚོགས་ཆུང་བཙུགས་པ་ནས། ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་མཐའ་མཚམས་རྩོད་གཞི་དང་ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་གྱི་གདོང་ཐུག་འདུམ་འགྲིམ་བྱས་པའི་བར་དང་། དེ་ནས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་དུས་བབ་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་གཏོང་ཆེད་ཕྱི་འབྲེལ་འབྲེལ་གཏུག་ཡང་སེ་བྱས་པའི་བར། གླེང་མང་བའི་གནད་དོན་ཀྲུང་གོའི་ཁྱད་ཆོས་ལ་བརྟེན་ནས་ཐག་གཅོད་བྱེད་པའི་ཐབས་ལམ་གྱིས་འདུམ་འགྲིག་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཁྲོད་སྟོབས་ཤུགས་མངོན་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་ཀྲུང་གོས་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཀྱི་དམིགས་བསལ་འགན་འཁྲི་འཁུར་བ་དང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཞི་བདེའི་འབོད་སྒྲ་དེ་མཉམ་སྡེབ་བྱ་སྤྱོད་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གླེང་མང་བའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་ཆེད་སྟོབས་ཤུགས་གཅིག་སྒྲིལ་བྱས་ཡོད།

    ལོ་55ཡི་རིང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་འགན་འཁྲི་གང་ལེགས་ཁུར་ཡོད། ཀྲུང་གོས་འཕེལ་རྒྱས་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་བར་འཇོག་རྒྱུར་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཕེལ་རྒྱས་ཀྱི་ཀ་རྟེན་སྟོབས་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཡོད། “གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་མཛའ་གྲོགས་ཚོགས་ཆུང”ལ་རྒྱལ་ཁབ་88འཛོམས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་གྲོས་འགོ་སྐུལ་འདེད་ལས་དོན་ཚོགས་ཆུང་ལ་འཕེལ་རྒྱས་ཀྱི་སྒྲིག་གཞི་20ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་པས་ཐུན་མོང་འཕེལ་རྒྱས་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    ལོ་55ཡི་རིང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་འབྲེལ་ཟམ་བསྐྲུན་ཡོད། ཤེས་དཔལ་སྣ་མང་རང་བཞིན་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་གཞི་རྩའི་ཁྱད་ཆོས་ཡིན་པ་དང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ནི་མིའི་རིགས་ཡར་ཐོན་ཡོང་བའི་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཤིག་རེད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་མོལ་བྱས་ནས་གྲོས་ཆོད་ལ་མགྲིན་གཅིག་ཏུ་གྲོས་འཆམ་ཡོང་བར་སྐུལ་འདེད་བཏང་སྟེ། ལོ་ལྟར་གྱི་ཟླ་6ཚེས་10ཉིན་དེ“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོར”གཏན་འཁེལ་བྱས་ཤིང་། དེ་འབྲེལ་ཐག་ཏུ་བྱས་ནས་ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་སྟེགས་ལ་བརྟེན་ནས་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ཏེ་ཤེས་དཔལ་གླེང་མོལ་གྱི་ཞི་བདེའི་སྐད་སྒྲ་འཛམ་གླིང་ས་ཕྱོགས་ཁག་ལ་ཁྱབ་པ་བྱས་ཡོད།

    ལོ་55ཡི་རིང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་མཐུན་རྐྱེན་སྦྱར་ཡོད། “འཛམ་གླིང་གང་འདྲ་བྱས་པ་ཡིན་ནམ། ང་ཚོས་ཇི་ལྟར་བྱེད་དགོས་སམ”ཞེས་པའི་དུས་རབས་ཀྱི་དྲི་བའི་མདུན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་གལ་ཆེན་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་བཏོན་གནང་བའི་ཁྲོད། བསམ་གཞིག་གལ་ཆེན་ཞིག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་བབ་དང་དབང་གྲགས་སྲུང་སྐྱོང་བྱ་རྒྱུ་དེ་རེད། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་ཁ་ཕྱོགས་དགུ་ཁ་གསལ་བཟོས་པ་དང་། རྒྱལ་སྤྱིའི་འདུམ་འགྲིག་ཁང་དང་འཛམ་གླིང་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་འཛུགས་རྒྱུར་སྐུལ་འདེད་བཏང་བ། 《རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་གྲོས་ཆོད》ཀྱི་དྲུང་ཡིག་ཁྲུའུ་ཞ་མོན་དུ་འཛུགས་པའི་རེ་ཞུ་ཧུར་ཐག་ཕུལ་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ཡོད།

    རྒྱལ་ཁབ་ཆེན་པོའི་བྱས་རྗེས་ཆེན་པོ་ཞེས་པ་གནམ་འོག་ལ་ཕན་འདོགས་པར་ཐུག་ཡོད། ལོ་55ནི་ལམ་ཚད་རྡོ་རིང་ཞིག་རེད་ལ་འགོ་འཛུགས་ས་གསར་པ་ཞིག་དེ་བས་རེད། ཀྲུང་གོས་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོང་མཁན་བཅས་མུ་མཐུད་བྱས་ནས་རྒྱལ་ཁབ་ཁག་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སྲུང་སྐྱོང་དང་། མཉམ་འབྲེལ་རྒྱལ་ཚོགས་སྐུལ་སློང་། མཉམ་འབྲེལ་རྒྱལ་ཚོགས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ཕྱོགས་མང་རིང་ལུགས་ལ་བརྟེན་ནས་མཐུན་སྒྲིལ་མཉམ་ལས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཐོག ཞི་བདེའི་ས་བོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་རྫོགས་མཐའ་མེད་པ། ཤེས་དཔལ་གྱི་འོད་སྟོང་རབ་ཏུ་འཕྲོ་བ་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་མཛེས་སྡུག་ལྡན་པའི་འདུན་པ་དེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཚོར་ཐུབ་པ་དང་ཁྱབ་ཐུབ་པའི་དངོས་ཡོད་ཀྱི་འཆར་གཞིར་འགྱུར་བ་བྱ་རྒྱུ་རེད།

    (རྩོམ་པ་པོ་ནི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་དང་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེ་མོ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།