ཀྲུང་གོའི་རྒན་རྒོན་ཚོའི་ལུས་སྦྱོང་བྱེད་སྟངས་ལས་ལུས་གསོའི་ཉམས་མྱོང་ལེན་པ།

འདི་ནི་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་ཤང་ཁྲེང་ཆུས་སུ་ཤང་དབྱང་གྲོང་ཁྱེར་རྒན་རྒོན་སློབ་ཆེན་གྱི་དགེ་སློབ་ཚོས་ཝུའུ་ཏང་དྲག་རྩལ་རྩེ་བཞིན་པ།
རྒན་རྒོན་ཚོས་འཕག་མཆོང་ཐེངས་བརྒྱ་དང་ལག་པ་གཡུག་གཡུག་ཐེངས་ཉི་ཤུ་བྱས་ནས་རྐང་པ་བགྲད་དེ་ཙོག་པུར་སྐར་ཆ་སུམ་ཅུ་ཙམ་སྡོད་ཀྱི་ཡོད། དེ་ནི་ཀྲུང་གོའི་རྒན་རྒོན་ཚོའི་ལུས་སྦྱོང་བྱེད་སྟངས་ཤིག་རེད། འཇར་མན་གྱི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག ཀྲུང་གོའི་རྒན་རྒོན་མང་པོ་ཞིག་གིས་སྤྱི་གླིང་དུ་ལྷོད་ལྷོད་ངང་ལུས་སྦྱོང་བྱེད་པའམ་ཡང་ན་མཉམ་དུ་ཞབས་བྲོ་འཁྲབ་པའི་བརྙན་ཐུང་དར་བཞིན་ཡོད། བརྙན་ཐུང་དེ་དག་ལས་རྒྱུན་དུ་རྒན་རྒོན་ཚོའི་འཚོ་བའི་ཕྱོགས་གཞན་ཞིག་མཚོན་པ་སྟེ། དཔེར་ན་འཆམ་འཆམ་དུ་འགྲོ་བ་དང་། ཇ་འཐུང་བ། མིག་མངས་རྩེ་བ། མཱ་ཅང་རྒྱག་པ་ལྟ་བུ་རེད།
ནུབ་ཕྱོགས་རྒྱལ་ཁབ་ནས་ཡོང་བའི་ན་གཞོན་མང་པོ་ཞིག་གིས་འཚོ་བ་སྐྱེལ་སྟངས་དེ་རིགས་ལ་སློབ་སྦྱོང་བྱས་པ་སྟེ། ཁོང་ཚོས་འདི་དག་རང་ཉིད་ཀྱི་རྒྱུན་གཏན་གྱི་ཞོགས་པའི་བྱེད་སྒོར་བརྩིས་པ་མ་ཟད། རྒྱུན་དུ་ཆུ་ཁོལ་འཐུང་བའི་གོམས་གཤིས་འཇགས་པར་བྱེད་ཀྱི་ཡོད། ཀྲུང་ལུགས་གསོ་རིག་ལྟར་ན། དེ་ལྟར་བྱས་ཚེ་གཟུགས་པོར་ཤིན་ཏུ་ཕན་གྱི་ཡོད། སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཐོན་པའི་ཐ་སྙད་ཅིག་ལས་སྣང་ཚུལ་དེ་རིགས་མཚོན་ཐུབ་པ་སྟེ། “ཀྲུང་གོ་ཅན་འཁྲུལ་མེད”ཅེས་པ་དེ་ཡིན། དེས་ཀྲུང་གོའི་གོམས་གཤིས་དང་ཐོན་རྫས་རྒྱུན་གཏན་གྱི་འཚོ་བར་མཉམ་འདྲེས་ཟབ་མོ་ཐུབ་པའི་དོན་སྟོན་གྱི་ཡོད། སྔོན་མ་མི་རྣམས་ཀྱིས་རང་འགུལ་ངང་ལུས་སྦྱོང་བྱེད་པ་ཙམ་ཡིན་ནའང་། ད་ཆ་ལུས་སྦྱོང་བྱེད་སྒོར་ད་དུང་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་ནས་ནད་གཞི་སྔོན་འགོག་ཐུབ་པའི་ལུས་སྲུང་གི་བྱ་ཐབས་ཤིག་ཏུ་བརྩིས་ཡོད།
—— འཇར་མན་གྱི《ཧྥ་ལན་ཁེ་ཧྥུའི་དཔྱད་གཏམ་ཚགས་པར》ཐོག་འཁོད་པའི་རྩོམ་ཡིག་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།