དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད”

    —— མཉམ་འབྲེལ་རྒྱལ་ཚོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ལྷན་གྱི་ཚོང་དོན་དང་། མ་འཇོག གསར་གཏོད་སིའི་སི་ཀྲང་ཆན་ཏ་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-23

    ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ལྷན་གྱི་ཚོང་དོན་དང་། མ་འཇོག གསར་གཏོད་སིའི་སི་ཀྲང་ལུའུ་ཕ·ཆན་ཏ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། “ཀྲུང་གོ་ཕྱོགས་ཀྱིས‘སྒོ་དབྱེ་དང་། གསར་གཏོད། མཉམ་ལས’བཅས་སྔོན་ཚད་ཁྱབ་ཁོངས་ཆེན་པོ་གསུམ་ལ་གཏན་འཁེལ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྒོ་དབྱེ་མཉམ་ལས་ལ་སྲུང་སྐྱོང་དང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གཏིང་ཟབ་ཏུ་གཏོང་བའི་དགེ་མཚན་ལྡན་པའི་བརྡ་རྟཌ་བཏང་བ་དེས་ས་ཁོངས་དཔལ་འབྱོར་གྱི་སྙུཌ་ཤེད་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད”ཅེས་བརྗོད།

    ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རང་མོས་ཚོང་དོན་ཁུལ་བསྐྲུན་རྒྱུ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་དཔལ་འབྱོར་དངོས་ཚན་གྱིས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་འདུན་པ་ཞིག་རེད། ཟླ་5པར། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་རུ་འཚོགས་པའི་2026ལོའི་APECཡི་མཐོ་རིམ་དཔོན་རིགས་ཚོགས་འདུ་ཐེངས་གཉིས་པའི་ཐོག ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རང་མོས་ཚོང་དོན་ཁུལ་གྱི་ཐབས་ལམ་གཙོ་བོའི་གནས་བབ་མཐའ་འཁྱོངས་བྱས་ཏེ། རང་མོས་ཚོང་དོན་གྱི་ཐབས་ལམ་མི་འདྲ་བ་མཐུན་སྦྱོར་བྱེད་པར་བརྟེན་ནས་བབ་བསྟུན་དངོས་སྒྲུབ་ཀྱི་བྱེད་ཐབས་ཐོག་ནས་མཉམ་ལས་བྱས་ཏེ། ཚད་གཞི་མཐོ་བའི་ས་ཁོངས་ཀྱི་དཔལ་འབྱོར་ཚོང་དོན་བཀོད་སྒྲིག་ནང་ཞུགས་པའི་ཕྱོགས་ཁག་གི་ནུས་པ་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད། APECཚོང་དོན་པུའུ་ཀྲང་གི་ཚོགས་འདུའི་ཐོག《སུའུ་ཀྲོའུ་ཡི་གསལ་བསྒྲགས》ལ་གྲོས་འཆམ་བྱུང་བ་དང་། ཕྱོགས་ཁག་གིས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མཉམ་ལས་ལ་བརྟེན་ནས་གཉིས་ཕན་ལ་སྐུལ་འདེད་གཏོང་བའི་བརྡ་རྟགས་གསལ་པོ་ཞིག་བཏང་སྟེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་ལ་འཕར་སྣོན་གྱི་སྒུལ་ཤུགས་གསར་པ་སྦྱིན་རྒྱུའི་བསྐྱར་བསྒྲགས་བྱས་པ་རེད། ཆན་ཏ་ཡིས“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་ངོས་ནས་བརྗོད་ན། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས། དཔལ་འབྱོར་སྡེ་གཞི་ཁག་ལ་གཞི་ཁྱོན་གྱི་ཕན་འབྲས་དང་། སྙུགས་ཤེད། དེ་བས་བརྟན་པ་བཅས་ཀྱི་སྔོན་དཔག་བྱེད་ཐུབ། ཚན་རྩལ་གསར་གཏོད་ཀྱི་མཐོ་ས་ཡིན་པའི་ཧྲེན་ཀྲེན་དེ་ཉིད་APECཡི་གྲངས་འཛིན་ཚོང་དོན་དང་། ལྗང་མདོག་དཔལ་འབྱོར་མཉམ་ལས། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་དམིགས་ཚད་དང་ཧ་ཅང་འཚམ་པོ་ཡོད”ཅེས་བརྗོད།

    ཟླ་7པར། APECགྲངས་འཛིན་གཟའ་འཁོར་སི་ཁྲོན་ཁྲེང་ཏུར་གཉེར་བ་དང་དེའི་རིང་འཚོགས་པའི་APECགྲངས་འཛིན་དང་མི་ཐབས་རིག་ནུས་པུའུ་ཀྲང་གི་ཚོགས་འདུའི་ཐོག《ཁྲེང་ཏུའི་གསལ་བསྒྲགས》ལ་གྲོས་འཆམ་བྱུང་ནས་གྲངས་འཛིན་དང་མི་ཐབས་རིག་ནུས་ལག་རྩལ་གྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པར་མཐུན་རྐྱེན་སྦྱོར་རྒྱུར་སྐུལ་འདེད་བཏང་སྟེ། སླད་ཕྱིན་དུས་མཚམས་ཤིག་རིང་APECཡིས་གྲངས་འཛིན་དང་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ས་ཁོངས་ཀྱི་གསར་གཏོད་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བར་བྱ་སྤྱོད་ཀྱི་སྒྲོམ་གཞི་བསྐྲུན་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་རེད། “གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དུས་མཚམས་རྗེས་མའི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད”ཅེས་ཆན་ཏ་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།