དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨན་ཧུའེ་ལིའུ་ཨན་གྱི་བྱ་སྒྲོའི་སྤོ་ལོ་ཆུང་ཆུང་རྒྱལ་སྤྱིར་སྐད་གྲགས་ཆོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-23

    ཨན་ཧུའེ་ཞིང་ཆེན་ལིའུ་ཨན་གྲོང་ཁྱེར་ཡུས་ཨན་ཆུས་ཤིན་ཨན་གྲོང་རྡལ་གྱིས་ལིའུ་ཨན་ངང་དཀར་གྱི་སྤུས་ལེགས་ཐོན་ཁུངས་ལ་བརྟེན་ནས་བྱ་སྒྲོའི་སྤོ་ལོའི་ལེགས་ཆའི་གཙོ་ཁྲིད་ཐོན་ལས་འཕེལ་རྒྱས་སྔར་བས་ཆེ་རུ་བཏང་བས། ད་ཆ་བྱ་སྤུ་དང་བྱ་སྒྲོའི་སྤོ་ལོའི་གཞི་ཁྱོན་ཡན་གྱི་ཁེ་ལས་6ཡོད་ཅིང་། ཐོན་ལས་འཁོར་འབྲེལ་གྱི་ཁེ་ལས་འབྲིང་བ་དང་ཕྲན་ཚེགས་ཁེ་ལས་20ལྷག་ཙམ་ཡོད་པ་དང་། ལས་རིགས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་7.5ལས་བརྒལ་ཡོད་པ་རེད། བྱ་སྒྲོའི་སྤོ་ལོའི་ཐོན་ལས་ཀྱི“གཙོ་རྒྱུ་མཉམ་འདྲེས་དང་། ལྷུ་ཚིགས་ཡོངས་རིམ་སྤོར། འཁོར་འབྲེལ་ཧྲིལ་པོ་རིན་འཕར”བཅས་ཀྱི་འཕེལ་རྒྱས་གོམ་སྟབས་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་ཏེ་ཡིའུ་ཉི་ཁེ་སི་དང་། ཡ་ཧྲི་ལུང་། ཁྲོན་ཆི་སོགས་རྒྱལ་སྤྱིའི་གྲགས་ཅན་བྱ་སྒྲོའི་སྤོ་ལོའི་སྤུས་རྟགས་ཐོན་སྐྱེད་ཀྱི་རྟེན་གཞི་གཙོ་བོར་གྱུར་ནས་གྲོང་མི“སྒོ་རྩར”ལས་ཞུགས་ཐུབ་ཏེ། གྲོང་རྡལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།