དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲན་ཏུང་ཙའོ་ཀྲོང་གིས་རྒྱལ་སྤྱིའི་ཁྲོམ་ར་ཆེན་པོ་དང་སྦྲེལ་མཐུད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-23

    འདི་ནི་ཉེ་ཆར་ཧྲན་ཏུང་ཞིང་ཆེན་ཙའོ་ཀྲོང་གྲོང་ཁྱེར་ཧྲེ་ཀྲུང་ཆུས་ཧྲུད་ཀུའོ་གྲོང་རྡལ་གྱི་ཧྲན་ཏུང་ལུའུ་རུའེ་འཁལ་འཐག་གྱོན་ཆས་ཚད་ཡོད་ཀུང་སིའི་འཁོར་ཁང་ནང་བཟོ་པས་གྱོན་ཆས་བཟོ་བཞིན་པ།

    ཉེ་བའི་ལོ་ཤས་རིང་། “ཀྲུང་གོའི་ཁབ་བསླས་གྱོན་ཆས་ཀྱི་གྲགས་ཅན་གྲོང་རྡལ”གྱི་མཚན་སྙན་གྲགས་པའི་ཧྲན་ཏུང་ཞིང་ཆེན་ཙའོ་ཀྲོང་གྲོང་ཁྱེར་ཧྲེ་ཀྲུང་ཆུས་ཧྲུད་ཀུའོ་གྲོང་རྡལ་གྱིས། འཁལ་འཐག་གྱོན་ཆས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ཁྲོམ་རའི་ཉེན་ཁ་འགོག་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། རས་འཐག་པ་དང་། ཚོས་རྒྱག་པ། གྱོན་ཆས་བཟོ་བ་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་མ་ལག་ཆ་ཚང་ཞིག་བཙུགས་ཡོད། “སྐུད་པ་གཅིག”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ནས་རྒྱལ་སྤྱིའི་ཁྲོམ་ར་དང་སྦྲེལ་མཐུད་བྱས་ཤིང་། མིག་སྔར་གྲོང་རྡལ་ཡོངས་སུ་འཁལ་འཐག་གྱོན་ཆས་ཁེ་ལས་192ཡོད་པ་དང་ཆ་སྙོམས་གྲོང་ཚོ་རེར་འཁལ་འཐག་གྱོན་ཆས་ཁེ་ལས་2ནས་3བར་ཡོད། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་སྣ་ཁྲི་2ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། ཐོན་སྐྱེད་བྱས་པའི་འཁལ་འཐག་གྱོན་ཆས་ཨ་རི་དང་། འཇར་མན། ཧྥ་རན་སེ། རི་པིན། ཧན་གོ་སོགས་རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ལ་ཕྱིར་ཚོང་བྱེད་ཀྱི་ཡོད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།