དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་ཉི་གདུགས་གྲོང”གི་རྒྱལ་སྒྲོལ་དྲ་ཚོང་ཁེ་ལས་ཀྱི་གྲངས་འབོར་ལྡབ་3ཙམ་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-23

    འདི་ནི་ཉེ་ཆར་ཀྲེ་ཅང་ཧེང་དབྱང་ཉི་གདུགས་ལས་རིགས་ཚད་ཡོད་ཀུང་སིའི་བཟོ་པ་ཞིག་གིས་ཕྱིར་གཏོང་གི་བྱེ་ཐང་ཉི་གདུགས་ལས་སྣོན་བྱེད་བཞིན་པ།

    2025ལོར“ཀྲུང་གོའི་ཉི་གདུགས་གྲོང”ཞེས་གྲགས་པའི་ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིང་གྲོང་ཁྱེར་ཧྲང་ཡུས་ཆུས་ཀྱི་ཉི་གདུགས་ཕྱིར་ཚོང་གི་དངུལ་འབོར་སྒོར་དུང་ཕྱུར་151.37ལས་བརྒལ་ཡོད། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ཧྲང་ཡུས་ཀྱི་ཉི་གདུགས་ཕྱིར་ཚོང་བྱས་པའི་དངུལ་སྒོར་དུང་ཕྱུར་15ལས་བརྒལ་བ་དང་། རྒྱལ་སྒྲོལ་དྲ་ཚོང་ཁེ་ལས་ཀྱི་གྲངས་འབོར་2025ལོའི་ལྡབ་3ཙམ་ཟིན་ཡོད། ཉེ་བའི་ལོ་ཤས་རིང་། བྲིན་ཚོང་དངུལ་འབོར་འཕར་བ་དང་ཆབས་ཅིག་ཧྲང་ཡུས་ཉི་གདུགས་ལས་རིགས་ཀྱིས་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་མུ་མཐུད་ཆེ་རུ་བཏང་ནས་ཁེ་ལས་1400ལྷག་ཙམ་དང་ལས་མི་ཁྲི་4.5བསྡུས་པའི་ཁྱད་ལྡན་ཐོན་ལས་ཀྱི་ཚོགས་པ་ཞིག་ཆགས་ཡོད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།